རྒྱ་གར་གཞུང་གི་ལས་ཁང་ཁག་གི་འཛིན་སྐྱོང་འགན་འཛིན་མཐུན་ཚོགས་ལ་བཀའ་སློབ་སྩལ་བ།


2016.01.03
རྒྱ་གར་གཞུང་གི་ལས་ཁང་ཁག་གི་འཛིན་སྐྱོང་འགན་འཛིན་མཐུན་ཚོགས་ལ་བཀའ་སློབ་སྩལ་བ། ༸གོང་ས་མཆོག་ནས་སྦེ་ལ་ཀོ་པིར་ཆོས་འབྲེལ་ཁག་ལེགས་པར་གྲུབ་རྗེས་གྲོང་ཁྱེར་སྦེང་ག་ལོར་རུ་དབུས་གཞུང་གི་འཛིན་སྐྱོང་འགན་འཛིན་མཐུན་ཚོགས་ལ་དམིགས་བསལ་བཀའ་སློབ་སྩལ་བ།
པདྨ་དངོས་གྲུབ།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་ཏེ་གྲོང་ཁྱེར་Banglore ནང་ཆིབས་བསྒྱུར་བསྐྱངས་བའི་རྗེས་རྒྱ་གར་གཞུང་གི་ལས་ཁང་ཁག་གི་འཛིན་སྐྱོང་འགན་འཛིན་མཐུན་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་འགྲོ་བ་མི་རྣམས་བདེ་བ་འདོད་པ་གཅིག་མཚུངས་ཡིན་པར་བརྟེན་ནས་ཕན་ཚུན་ཞི་བདེ་དང་འཆམ་མཐུན་དུ་གནས་དགོས་པའི་བཀའ་སྩལ་གནང་ཡོད་པ་རེད་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢ ཉིན་Bylakuppe བོད་མིའི་གཞིས་ཆགས་ནང་དུ་ཆགས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་ནས་ཆིབས་ཞལ་བསྒྱུར་བའི་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཤར་པ་ཆོས་རྗེ་། བྱང་རྩེ་ཆོས་རྗེ་། མཁན་སྤྲུལ་བཅས་ནས་བཀྲིས་ལྷུན་པོའི་འདུ་ཁང་ནང་སེར་བང་སྒྲིག་གནང་བ་དང་། འདུ་ཁང་གི་རྡོ་ཀས་གཡས་གཡོན་དུ་བཀྲིས་ལྷུན་པོའི་དགེ་འདུན་པས་སེར་བང་སྒྲིག་ཞིང་། ཆིབས་ཕེབས་འགྲོའི་ཕེབས་ལམ་གྱི་གཡས་གཡོན་དུ་བོད་མི་སེར་སྐྱ་སྟོང་ཕྲག་མང་པོའི་ལག་ཏུ་མཇལ་དར་དང་དྲི་ཞིམ་སྤོས་སྣེ། མེ་ཏོག་སོགས་ཐོག་ཏེ་སེར་བང་སྒྲིག་ཡོད་པ་རེད། དེ་རྗེས་གྲོང་ཁྱེར་Bangalore ཕྱོགས་སུ་ཆིབས་ཞལ་བསྒྱུར་བའི་སྐབས་Bangalore དུ་ཞབས་སོར་འཁོད་པར་ལམ་ཐག་ཀི་མི་ཀྲར་༡༠༠ མཚམས་སུ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་Mandya ནང་ཁྱུག་ཙམ་ཕེབས་འགྲོ་བཀག་གནང་སྟེ་། དེར་ཕེབས་སྒུག་ཞུ་བཞིན་པའི་ས་གནས་གསར་འགོད་པ་དང་ས་གནས་ཉེན་རྟོག་པར་། སེམས་ནང་གི་ཞི་བདེ་སྐྲུན་རྒྱུ་དང་ཤེས་ཡོན་གཅེས་འཛིན་བྱ་རྒྱུ་གལ་ཆེན་ཡིན་པ་དང་།་ལྷག་པར་དུ་སྔ་རབས་རྒྱ་གར་གྱི་རིག་གཞུང་གི་རིན་ཐང་ཆེན་པོ་ཡིན་པའི་སྐོར་བཀའ་སྩལ་གནང་ཡོད་པ་རེད། དེ་རྗེས་ཕྱི་ཚེས་༢ ཉིན་གྱི་ཉིན་གུང་གྲོང་ཁྱེར་Bangalore དུ་ཞབས་སོར་བདེ་བར་འཁོད་པ་དང་། དེ་རྗེས་ཉིན་གུང་རྒྱབ་ཏུ་རྒྱ་གར་གཞུང་གི་ལས་ཁུངས་ཡོངས་ཀྱི་ཐོག་ལ་ཐེ་ཇུས་བྱེད་མཁན་IAS ཞེས་པའི་འགན་འཛིན་མཐུན་ཚོགས་ཀྱི་ཚོགས་མི་ཚོར་བཀའ་སློབ་སྩལ་བའི་ནང་། ང་ཚོ་འཛམ་གླིང་གི་མི་འབོར་ཐེར་འབུམ་༧ ཡོད་པ་རྣམས་ཆོས་དད་དང་། པགས་པ་དང་སྐྲའི་ཚོད་གཞི་དང་། སྐད་ཡིག་། རྒྱལ་ཁབ་མི་འདྲ་བའི་ཁྱད་པར་ཡོད་པ་དེ་ནི་རིམ་པ་གཉིས་པའི་མི་མཐུན་པ་ཡིན་པ་ལས་། གལ་གནད་ཆེ་བའི་རིམ་པ་དང་པོ་ནི་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པ་དེ་གཙོ་བོ་ཡིན་ཞིང་། ང་ཚོ་ཕན་ཚུན་རིམ་པ་གཉིས་པའི་ཁྱད་པ་དེའི་ཐོག་ནས་མི་མཐུན་པ་བྱུང་བའི་དཀའ་ངལ་དེ་རིགས་ང་རང་ཚོ་སོ་སོས་སེལ་དགོས་པ་དང་ང་ཚོ་ཚང་མ་འགྲོ་བ་མིའི་བདེ་རྩར་བསམ་བློ་གཏོང་དགོས་པ་ཡིན། འགྲོ་བ་མི་སྤྱི་ཡོངས་ལ་བདེ་སྐྱིད་བྱུང་ན་ང་རང་ཚོ་སྒེར་ལའང་བདེ་སྐྱིད་ཡོང་རྒྱུ་ཡིན་པའི་བཀའ་སྩལ་གནང་བ་མ་ཟད་། འདས་པའི་ལོ་ངོ་༥༦ རིང་རྒྱ་གར་དུ་བཞུགས་པའི་སྐུ་ཚེའི་དུས་ཡུན་དེ་ནི་སྐུ་ཚེའི་ནང་གི་ལེགས་ཤོས་ཤིག་ཡིན་ཞིང་དེ་ནི་རྒྱ་གར་གྱི་ལེགས་བྱ་མང་པོ་ཞིག་ཐུགས་སུ་ཆུད་ནས་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་གནའ་སྔ་མོའི་རྒྱ་གར་གྱི་བྱམས་བརྩེ་དང་ཆོས་ལུགས་མི་འདྲ་བ་འཆམ་མཐུན་གྱི་བསམ་བློ་དེ་ཚོ་ངོ་སྤྲོད་གནང་གི་ཡོད་ཅེས་བཀའ་སྩལ་གནང་ཡོད་པ་རེད།།
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎