སྡུག་བསྔལ་ནི་གཙོ་བོ་མི་དགེ་བའི་ཀུན་སློང་ལྔ་ལས་ཡོང་གི་ཡོད།


2014.06.02
༧གོང་ས་མཆོག་གིས་མུམ་བྷེར་སྤྲང་བོ་ཞིག་ལ་ཁམས་འདྲི་གནང་བཞིན་པ། ༢༠༡༤།༦།༡ ༧གོང་ས་མཆོག་གིས་མུམ་བྷེར་སྤྲང་བོ་ཞིག་ལ་ཁམས་འདྲི་གནང་བཞིན་པ། ༢༠༡༤།༦།༡
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་སྡུག་བསྔལ་ནི་གཙོ་བོ་མ་རིག་པ་དང་། ཁོང་ཁྲོ། ཆཊ་ཞེན། ཕྲག་དོག ཁེངས་དྲེཊ་བཅས་མི་དགེ་བའི་ཀུན་སློང་ལྔ་ལས་ཡོང་གི་ཡོད་པ་གསུངས་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་དད་ལྡན་མང་ཚོཊ་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་ཉིན་གསུམ་པ་སྟེ་ཚེས་༡་ཉིན་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པ་དང་། བརྒྱད་པའི་སྐོར་གསུངས་ཆོས་བཀྲིན་ཆེ་གནང་མཛད་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་། གཙོ་བོ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྡལ་མི་འདོད་པ་གཅིག་པ་ཡིན་སྟབས་ ང་ཚོས་སྡུག་བསྔལ་ལས་གྲོལ་བའི་ཐབས་ལམ་འཚོལ་དགོས་པ་དང་། སྡུག་བསྔལ་ནི་གཙོ་བོ་མ་རིག་པ་དང་། ཁོང་ཁྲོ། ཆཊ་ཞེན། ཕྲག་དོག ཁེངས་དྲེགས་བཅས་མི་དགེ་བའི་ཀུན་སློང་ལྔ་ཡི་ཐོག་ནས་ཡོང་གི་ཡོད་པ་ངོས་འཛིན་དགོས་པ་སོཊ་ཀྱི་བཀའ་གནང་འདུག དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལེའུ་དྲུག་པའི་སྐོར་གསུངས་ཆོས་སྩལ་གནང་མཛད་སྐབས། ལེའུ་དྲུག་པ་དེས་གཙོ་བོ་བཟོད་སྒོམ་སྐོར་གསུངས་ཀྱི་ཡོད་པ་དང་། རྒྱུན་རིང་ནས་སྤྱིན་པ་བཏང་བ་དང་། བཟོད་པ་སྒོམ་པ་ལས་བྱུང་བའི་བསོད་ནམས་ཡོངས་རྫོཊ་སྐད་གཅིག་གི་ཁོང་ཁྲོས་མེད་པ་བཟོ་ཡི་ཡོད་སྟབས་ཁོང་ཁྲོ་དང་། སྡང་འཛིན་སོཊ་མི་དགེ་བའི་ཀུན་སློང་སྐོར་ཤེས་དགོས་པ་གལ་ཆེ་ཡིན། གལ་ཏེ་ང་ཚོའི་སེམས་ནང་ཁོང་ཁྲོ་དང་ཞེ་སྡང་སོགས་ཡོད་ཚེ་ང་རང་ཚོར་ཞི་བདེ་དང་སྐྱིད་པོ་དུས་ནམ་ཡང་ཡོང་རྒྱུ་མིན། ཞེ་སྡང་དང་ཁོང་ཁྲོའི་གཉེན་པོ་དེ་བློ་སྟོབས་ཡིན་པ་སོགས་བཀའ་གནང་བ་དང་། དེའི་མཉམ་དུ་ཁེངས་དྲེགས་དང་གཞན་ལ་མཐོང་ཆུང་ཁྱད་གསོད་དང་བྲལ་བའི་བྱམས་དང་སྙིང་རྗེ་སྒོམ་དགོས་པ་སོགས་གསུངས་འདུག

གསར་འགོད་པ་བསོད་ནམ་ལྷ་མོ།

2014-05-31

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡེ་ནང་མུ་འཐུད་རྒྱ་གར་གྱི་ནང་པ་གཙོ་བོར་གྱུར་བའི་དད་ལྡན་པ་རྣམས་ལ་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཅིང་། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་ཚོར་༧གོང་ས་མཆོག་ནས་ལྗགས་རྩོམ་གནང་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་འབྲེལ་ཏེ་པཎ་ཌི་དང་གྲུབ་པའི་དབང་པོ་དེ་རྣམས་ཀྱི་ཆེ་བ་དང་བཅས་ངོ་སྤྲོད་གནང་ཡོད་པ་རེད།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་བྷཡི་རུ་གདན་ཞུ་ཕུལ་མཁན་གཙོ་བོ་ནི་ས་ཁུལ་དེའི་ནང་ཡོད་པའི་སོ་མེཡེ་ཡ་མཐོ་རིམ་སློབ་གྲྭ་དང་ན་ལེན་ཌ་ལྟེ་གནས་ཁང་གཉིས་ཡིན་ཞིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབྱིན་སྐད་དང་བོད་སྐད་ཐོག་གནང་པ་ཧིན་དྷིའི་སྐད་ནང་གསུང་བསྒྱུར་ཞུ་བཞིན་ཡོད་པ་རེད།  འདས་པའི་ལོ་མང་རིང་ནས་རྒྱ་གར་གྱི་ནང་ནང་ཆོས་ལ་དད་གུས་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་མདུན་ནས་རྒྱ་གར་བ་གསུང་ཆོས་ཞུ་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་པ་ཚོས་བསླབ་པ་སློབ་གཉེར་དང་སྒོམ་གྲུབ་ཀྱི་ཐོག་ནས་ཉར་ཚགས་བྱེད་བཞིན་པའི་ནང་ཆོས་སྤྱི་དང་ལྷག་པར་དུ་དཔལ་ན་ལེན་ཌའི་ལྟ་གྲུབ་འདིའི་འབྱུང་ཁུངས་རྒྱ་གར་ཡིན་སྟབས་རྒྱ་གར་རང་ངོས་ནས་རང་ཉིད་ཀྱི་རིག་གཞུང་ཕྱུག་པོ་འདིར་བདག་པོ་བརྒྱབ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་བཞིན་ཡོད་པ་རེད།  དེ་རིང་ཕྱི་ཟླ་ ༥ ཚེས་ ༣༡ གི་སྔ་ཐོག་ཆོས་མཐུན་སྐབས་པཎ་གྲུབ་བཅུ་བདུན་གསོལ་འདེབས་ཀྱི་ཐོག་ནས་ཆོས་འབྲེལ་སྩལ་བ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་དེའི་སྲས་ཀྱི་ཐུ་བོ་སློབ་དཔོན་འཕགས་པ་ལྷའམ་ཨརྱ་དྷེ་ཝའིཆེ་བ་གསུངས་ཏེ་ངོ་སྤྲོད་གནང་པའི་གསུང་གི་དུམ་བུ་ཞིག་སྙན་སྒྲོན་ཞུ་གི་ཡིན།།

 

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎