༸གོང་ས་མཆོག་གིས་ཐེ་ཝན་གྱི་དགེ་འདུན་པ་༦༥ལ་བཞུགས་སྒར་ཕོ་བྲང་དུ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་པ།

2022.09.29
༸གོང་ས་མཆོག་གིས་ཐེ་ཝན་གྱི་དགེ་འདུན་པ་༦༥ལ་བཞུགས་སྒར་ཕོ་བྲང་དུ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་པ། སྤྱི་ཟླ་༩པའི་ཚེས་༢༩ཉིན་གྱི་ཞོགས་པར་བཞུགས་སྒར་ཕོ་བྲང་དུ། ༸གོང་ས་མཆོག་གིས་ཐེ་ཝན་གྱི་དགེ་འདུན་པ་༦༥དང་བལ་ཡུལ་གྱི་མི་གཉིས་བཅས་ལ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་པ།
Photo: RFA

སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད། ལོ་རེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས། ཕྱི་རྒྱལ་ཡུལ་གྲུ་ཁག་དང་སོག་ཡུལ་དང་ཨུ་རུ་སུ། བོད་དང་ཧི་མ་ལ་ཡའི་རི་བརྒྱུད། རྒྱ་རིགས་ནང་པ་དོན་གཉེར་ཅན་སོགས་ལ། དགེ་ཚུལ་སློང་གི་སྡོམ་པ་སྩལ་གནང་གི་ཡོད་པ་ལྟར། ད་ལན་ཡང་སྤྱི་ཟླ་༩པའི་ཚེས་༢༩ཉིན་གྱི་ཞོགས་པར་བཞུགས་སྒར་ཕོ་བྲང་དུ། ༸གོང་ས་མཆོག་གིས་ཐེ་ཝན་གྱི་དགེ་འདུན་པ་༦༥དང་བལ་ཡུལ་གྱི་མི་གཉིས་བཅས་ལ་དགེ་སློང་གི་སྡོམ་པ་འབོག་འཇོག་མཛད་པར་བརྟེན། ཐེ་ཝན་གྱི་རྒྱ་རིགས་དགེ་སློང་བསྟན་འཛིན་དཔལ་ལྡན་ལགས་ནས། དགེ་སློང་གི་སྡོམ་པ་འདི་ནི་ཁོ་རང་ལ་༸གོང་ས་མཆོག་ནས་སྩལ་བའི་ལེགས་སྐྱེས་རྩ་ཆེ་ཤོས་ལ་བརྩིས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཁོ་རང་ཧ་ཅང་དགའ་སྤྲོ་དང་༸གོང་ས་མཆོག་ལ་ཡི་རང་ཆེན་པོ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་གིས་སྩལ་བའི་དགེ་སློང་གི་སྡོམ་པ་འདི་ནི། ང་རང་ལ་མཚོན་ན་གནང་སྐྱེས་རྩ་ཆེ་ཤོས་དེ་ཡིན་པ་དང་། ཁོང་གིས་ང་དང་མི་གཞན་མང་པོར་ཚེ་རབས་མང་པོར་ཕན་ཐོགས་ཀྱི་བྱིན་རླབས་གནང་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ཐེ་ཝན་གྱི་དགེ་འདུན་༧གོང་ས་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུས་མཁན། བསྟན་འཛིན་ཐུབ་བསྟན་ལགས་ནས་ཁོ་རང་ལ་དགེ་སློང་གི་སྡོམ་པ་ཐོབ་པར་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

ཁོང་གིས་༸གོང་ས་མཆོག་གི་ཐུགས་རྒྱུད་ཀྱི་ཡོན་ཏན་དང་། བྱིན་རླབས་ང་ཚོས་ལ་གནང་བ་དེར་ཧ་ཅང་དགའ་བོ་བྱུང་བ་དང་། འབྱུང་འགྱུར་ཁོ་རང་གིས་གང་ཐུབ་ཅི་ཐུབ་༸རྒྱལ་བའི་བཀའ་བཞིན་སྒྲུབ་འདུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། གཞན་ཡང་ཐེ་ཝན་གྱི་རྒྱ་རིགས་དགེ་བཤེས་ཐུབ་བསྟན་ཆོས་གྲགས་ལགས་ནས། བསྟན་པ་རིན་པོ་ཆེ་སྔ་མོ་མ་དར་བའི་ནུབ་ཕྱོགས་ཡུལ་གྲུ་ཁག་དང་། དར་ཁྱབ་ཟིན་པའི་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་ཁག་བཅས་སུ། དགེ་སློང་གསར་དུ་སྒྲུབ་པ་ཚོས་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལས་འགན་ཆེན་པོ་ཡོད་པས། ༸རྒྱལ་བ་རིན་པ་ཆེ་གཅིག་པུ་མིན་པར་ཚང་མས་ཧུར་ཐག་འབད་ཐག་གནང་དགོས་པ་བཀའ་ཕེབས་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

ཉེ་ཆར་ཡང་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཐེ་ཝན་གྱི་དགེ་ཚུལ་༦༦སྒྲུབ་གྲུབ་ཡོད་པ་དང་། དེ་མིན་ཡང་ཐེ་ཝན་གྱི་དགེ་ཚུལ་མ་༣༨ཀྱང་སྒྲུབ་གནང་ཡོད་པ་མ་ཟད། སང་ཉིན་སྤྱི་ཚེས་༣༠ཉིན་མུ་མཐུད་དེ་༸གོང་ས་མཆོག་གིས་ཐེ་ཝན་གྱི་དོན་གཉེར་བ་ཚོར་དགེ་སློང་སྒྲུབ་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎