༧གོང་ས་མཆོག་གིས་་ཐུཌ་གསོའི་འཚམས་འཕྲིན་བསྩལ།
2011.09.30
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་དགུ་པའི་ཚེས་༢༩ ཉིན་འཁོད་པའི་ཐུགས་གསོའི་གསུང་འཕྲིན་ཞིག་སྕལ་གནང་སྟེ། ད་བར་དུ་ཨོ་རི་ས་མངའ་སྡེའི་ནང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་པོ་བྱུང་བ་དེར་ཧ་ཅང་གི་བློ་ཕམ་བྱུང༌། ལྷག་པར་དུ་རང་འབྱུང་གནོད་འཚེ་དེ་རྐྱེན་པས། མངའ་སྡེ་དེའི་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང། རྒྱུ་ནོར་གྱོང་རྒུད། མི་དམངས་ས་ཡ་མང་པོ་གནོད་འཚེ་སྡུག་པོ་བྱུང་ཡོད་པ་དེར་བློ་ཕམ་བྱུང། ངོས་ནས་གནོད་འཚེ་དེའི་ནང་གོད་ཆག་ཕོག་པའི་མི་དམངས་ཚོར་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཡོད། ངོས་ནས་གོད་ཆག་ཕོག་པ་ཚོར་ངལ་སེལ་ཆེད་ཏྰ་ལའི་བླ་མའི་ཐེབས་རྩའི་མཚན་ཐོག་ནས་རོགས་རམ་གྱི་ཞལ་འདེབས་རྒྱ་གར་གྱི་སྒོར་མོ་འབུམ་༡༠ ཡོད། དེ་བཞིན་ཨོ་རི་ས་མངའ་སྡེའི་སྒན་ཇམ་རྫོང་ཁུལ་དུ་གནས་སྡོད་བཙན་བྱོལ་བོད་མིའི་གཞིས་ཆགས་ནས་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་ས་ཁུལ་དུ་རོགས་རམ་ཆེད་དུ་དང་བླངས་བ་ཐོན་བསྐྱོད་བྱས་ཟིན་པའི་གནས་ཚུལ་གོ་ཐོས་བྱུང་ཞེས་ཐུགས་གསོའི་གསུང་འཕྲིན་གནང་ཡོད་པ་རེད།།