མདོ་སྨད་རྔ་བ་ཕྱོགས་སུ་གློ་བུར་སེར་བ་དྲག་པོ་བབས་འདུག


2015.06.04
མདོ་སྨད་རྔ་བ་ཕྱོགས་སུ་གློ་བུར་སེར་བ་དྲག་པོ་བབས། ༢༠༡༥།༦།༣ མདོ་སྨད་རྔ་བ་ཕྱོགས་སུ་གློ་བུར་སེར་བ་དྲག་པོ་བབས། ༢༠༡༥།༦།༣
Photo: RFA

མདོ་སྨད་རྔ་བ་རྫོང་དུ་སེར་བ་དྲག་པོ་བབས་ནས་མི་ཁ་ཤས་ཀྱི་མགོ་དང་ཡན་ལག་ལ་རྨས་སྐྱོན་དང་རླངས་འཁོར་སོཊ་ཀྱི་ཤེལ་སྒོ་བཅག་ཡོད་པ་རེད།
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། འདི་ཟླའི་ཚེས་༣ཉིན་ས་གནས་ཀྱི་ཕྱི་དྲོའི་དུས་ཚོད་དྲུག་དང་ཕྱེད་ཀ་ནས་དུས་ཚོད་དགུ་བའི་བར་དུ། མདོ་སྨད་རྔ་བ་རྫོང་སྟོད་སྨད་བར་གསུམ་དུ་སེར་བ་དྲག་པོ་བབས་ནས་རྩྭ་དང་རྩི་ཤིང་། མེ་ཏོག་དང་ལོ་ཏོག་སོགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་མ་ཟད། རླངས་འཁོར་གྱི་ཤེལ་སྒོ་བཅག་པ་དང་། འཕྲུལ་རྟ་སོགས་ལ་ཆག་སྐྱོན་བྱུང་བ་པར་ནང་མཐོང་རྒྱུ་འདུག་ལ། དེ་བཞིན་རྫོང་གི་སྲང་ལམ་གྱི་གློག་ཐོ་བཅག་པའི་གནས་ཚུལ་ཡང་ཐོན་པ་རེད། འོན་ཀྱང་ས་གནས་བོད་མི་ཞིག་གིས་བརྗོད་དོན། སེར་བ་དྲག་པོ་བབས་བའི་ཁྲོད་མིའི་ཚེ་སྲོག་ལ་གནོད་འཚེ་བྱུང་བ་ད་སྔ་ཤེས་རྟོགས་བྱུང་མེད་པ་དང་། མི་ཁ་ཤས་ཀྱི་མགོ་དང་ཡན་ལག་ལ་རྨས་སྐྱོན་ཕོག་ཡོད་པ་ས་གནས་ནས་བརྗོད་ཡོད།

གསར་འགོད་པ་ལྕགས་མོ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎