དྷ་རམ་ས་ལར་ས་རུད་བྱུང་ཀྱང་མི་དང་ཁང་པ་ལ་གནོད་སྐྱོན་བྱུང་མེད་པ།
2017.08.25
༄༅། །དྷ་རམ་ས་ལར་ཆར་ཆེན་བསྟུད་མར་བབས་པའི་རྐྱེན་གྱིས་སྤྱི་ཟླ ༨ ཚེས ༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་༨་༣༠ཙམ་ལ་དྷ་ས་མེག་ལོར་གྷན་ཇི་ཡི་རླངས་འཁོར་འབབ་ཚུགས་ཀྱི་ཉེ་འཁྲིས་སུ་ས་རུད་བརྒྱུགས་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་འགྲོ་སའི་ལམ་ཀ་ས་རྡོའི་འོག་ཤོར་སྟབས་དྷ་ཤོད་དུ་འགྲོ་སའི་གཞུང་ལམ་བཀག་ནས་སྣུམ་འཁོར་འགྲོ་འོང་མི་ཐུབ་པར་གྱུར་ཡོད་པ་རེད། ས་རུད་ཀྱིས་གཞུང་ལམ་འགག་པ་དང་དྷ་ཤོད་དང་མེག་ལོར་བར་འགྲོ་འོང་བྱེད་བཞིན་པའི་སྣུམ་འཁོར་དང་སྦག་སྦག་ རྐང་གསུམ་གླ་འཁོར་སོགས་འགྲོ་མི་ཐུབ་པར་གྱུར་བ་ལས། མི་དང་སེམས་ཅན་དེ་བཞིན་ཁང་པ་སོཌ་ལ་གནོད་སྐྱོན་གང་ཡང་བྱུང་མེད་པ་རེད། དེ་མིན་དྷ་སྟེང་དང་དྷ་ཤོད་བར་ཡོད་པའི་རྒྱ་གར་དམག་སྒར་གྱི་ཉེ་འཁྲིས་སུ་ཉེ་ཆར་ས་རུད་བརྒྱུགས་ཏེ་ནམ་རྒྱུན་མེག་ལོར་ནས་འགྲོ་བཞིན་པའི་འགྲུལ་སྐྱེལ་སྣུམ་འཁོར་ཆེ་གྲས་ཁག་དྷ་སྟེང་ལ་ཡོང་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་ཀརྨ་རྒྱ་མཚོ།