ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་ཞེས་བ་དབུ་ཚུགས་གནང་འདུག


2017.08.21
ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་སྐབས། ༢༠༡༧།༨།༢༡ ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་སྐབས། ༢༠༡༧།༨།༢༡
སངས་རྒྱས་རྡོ་རྗེ།/RFA

དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་འཕྲོད་བསྟེན་ཁྱབ་ཁོངས་ས་གནས་སྨན་ཁང་ཁག་༡༢་ཀྱི་སྨན་ཞབས་པ་དང་། སློབ་གྲྭ་ཁག་༢༡་གྱི་མདུན་ལམ་སློབ་སྟོན་པ། དགེ་རྒན། དེ་བཞིན་སྨན་ཞབས་པ་བཅས་ཁྱོན་མི་གྲངས་༥༠་ཙམ་ལ་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་ཞིག་དབུ་ཚུགས་གནང་འདུག
དེ་ཡང་འདི་ཚེས་༢༡་ཉིན། ཟབ་སྦྱོང་དེའི་ཐོག་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་འཕྲོད་བསྟེན་གྱི་འབྲེལ་ཡོད་མི་སྣ་ཁག་ཅིག་དེར་འདུ་འཛོམས་ནང་དགོས་དོན་ནི། ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཟབ་སྦྱོང་གནང་རྒྱུ་རེད་ཅེས་དང་། ཟབ་སྦྱོང་འདི་འཕྲོད་བསྟེན་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་གཞི་རྒྱ་ཆེ་བ་ཞིག་ཆགས་ཡོད། དེ་ཡང་རྒྱལ་སྤྱིའི་འགྲོ་སྟངས་དང་བསྟུན་ནས་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཐོག་ལ་ཞུ་དགོས་རྒྱུའི་གནས་སྟངས་ཆགས་ཡོད་སྟབས་ཛ་དྲག་གི་སྨན་བཅོས་དང་སྤྱི་ཚོགས་ནང་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་པའི་ནད་གཞི་ཀྲི་སྦི་མཚོན་པའི་གཉན་ནད་རེག་དུག མཆིན་པའི་གཉན་ཚད་དང་ཁྲག་ཤེད། དེ་བཞིན་གཅིན་སྙི་ནད་གཞི་བཅས་ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་འཕྲད་པའི་ནད་གཞི་ལྔ་དྲུག་ཙམ་ཡོད་པ་དེ་དག་གི་ཐོག་ལ་ང་ཚོས་ཤུགས་སྣོན་རྒྱབ་ནས་སྔོན་འགོག་བྱས་ཏེ་ལས་འགུལ་སྤེལ་དང་སྤེལ་མུས་རེད། དེ་ག་ནང་བཞིན་ང་ཚོས་དེ་སྔ་ནས་མ་དང་བྱིས་པའི་འཕྲོད་བསྟེན་དང་། བུད་མེད་ཀྱི་འཕྲོད་བསྟེན་ཐོག་ཤུགས་རྒྱག་བཞིན་ཡོད། ལང་ཚོ་དར་བབས་གཞོན་སྐྱེས་ཚོར་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ལས་འགུལ་སྤེལ་དགོས་ཀྱི་ཡོད་སྟབས་ད་རེས་ལས་འགུལ་སྤེལ་བའི་ནང་ནས་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་དེ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་དང་། གོ་རྟོགས་སྤེལ་རྒྱུའི་ལས་རིམ་རྒྱ་ཆེ་ཤོས་ཞིག་ཆགས་ཡོད། ད་རེས་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་ཚོ་ལ་འཕྲོད་བསྟེན་གྱི་ཐོག་གོ་རྟོགས་དགོས་རྒྱུའི་ལས་རིམ་ཞིག་ཆགས་ཡོད། དེ་ཡང་རྣམ་པ་ཚོའི་བརྒྱུད་ནས་འབྲེལ་ཡོད་སློབ་གྲྭ་སོ་སོའི་ནང་གོ་རྟོགས་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་འདུག
དེ་ནས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་མིའི་ལང་ཚོ་ཐོག་མ་དར་བའི་སྐབས་སུ་སོ་སོའི་འཕྲོད་བསྟེན་དང་ངོ་བོ་ཡིན་ནའང་རེད། ཚོར་བ་གང་འདྲ་ཡོད་པ་ཡིན་ནའང་དེ་དག་ཚང་མ་ལུས་སེམས་གཉིས་ཀའི་ཐོག་ནས་ཡོང་བཞིན་ཡོད། འདི་སྲ་བརྟན་བཟོ་ཐུབ་པ་ཞིག་དང་། བཟང་ཕྱོགས་སུ་ཁྲིད་ཐུབ་རྒྱུའི་སྐབས་བབ་ཀྱི་ལས་འགན་ང་ཚོ་ཚང་མར་ཡོད་པ་རེད། ལོ་༡༠་ནས་༡༩་བར་གྱི་ཕྲུ་གུ་རྣམས་ལ་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དོ་སྣང་གནང་བའི་ཐོག་ཕྲུ་གུ་ཟེར་བ་འདི་ཕྲུ་གུའི་སྣང་བ་ཡོད་སྟབས་བྱེད་སྟངས་ཚང་མ་ང་ཚོའི་བསམ་བློ་དང་མ་མཐུན་པ་དེ་འདྲ་ཡོང་གི་རེད། དེ་དག་ཚང་མ་ང་ཚོས་བསམ་བློ་གུ་ཡངས་པོའི་ཐོག་ནས་དགོངས་པ་བཞེས་དགོས་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད། དེ་བཞིན་རང་ཉིད་མགོ་སྐོར་སླུ་ཁྲིད་འོག་འགྲོ་བའི་གནས་སྟངས་དེ་སྔ་དང་མི་འདྲ་བར་མང་དུ་འགྲོ་བཞིན་ཡོད་པར་བརྟེན་ང་ཚོ་ཚང་མས་གཟབ་གཟབ་དང་ཐུགས་སྣང་གནང་དགོས་ཀྱི་རེད་ཅེས་སོགས་གསལ་སྟོན་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎