ཨ་རིའི་སྲིད་འཛིན་གྱི་བཀའ་རྩ་ལ་ངོས་ལེན་བྱས་མི་འདུག
2017.03.16
ཨ་རིའི་སྲིད་འཛིན་གྱིས་ཁ་ཆེའི་ཡུལ་གྲུ་ཁག་གཅིག་ནས་ཡུལ་མི་འགོག་རྒྱུའི་བཀའ་རྩ་ལ་(Hawaii)མངའ་སྡེའི་ཁྲིམས་དཔོན་གྱིས་ངོས་ལེན་བྱས་མི་འདུག
དེ་ཡང་ཁ་ཆེའི་རྒྱལ་ཁབ་དྲུག་ནས་ཡིན་པའི་མི་སེར་དང་སྐྱབས་བཅོལ་བ་ཚོ་ཨ་རིའི་ནང་འཛུལ་ཞུགས་མི་ཆོག་པའི་ཨ་མི་རི་ཀའི་ས་མཚམས་འཕྲལ་སེལ་རིང་སྒོ་བརྒྱབ་རྒྱུའི་བཀའ་རྩ་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་བཏང་གནང་ཡོད་པ་དེར། འདི་ཚེས་༡༥་ཉིན་ཨ་མི་རི་ཀའི་Hawaii་མངའ་སྡེའི་དབུས་གཞུང་གི་ཁྲིམས་ཁང་གི་ཁྲིམས་དཔོན་Derrick Watson་མཆོག་གིས་དགག་བྱ་བྱས་འདུག
ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཡིས་བསྐྱར་བཅོས་བཀའ་རྩའི་འོག་ཨི་རན་དང་། ཨི་རཀ ལིབ་ཡ། སོ་མ་ལི་ཡ། སུ་དན། སི་རི་ཡ། ཡེ་མེན་བཅས་ཁ་ཆེའི་རྒྱལ་ཁབ་དྲུག་གི་ཡུལ་མི་ཚོ་ཉི་མ་༩༠ རིང་ཨ་མི་རི་ཀར་ཡོང་མི་ཆོག་པ་དང་། ཨ་མི་རི་ཀས་སྐྱབས་བཅོལ་བ་ཨ་རིར་ལེན་བཞིན་པའི་ལས་གཞི་དེ་དག་ཉིན་གྲངས་༡༢༠ རིང་མཚམས་འཇོགས་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།
གོང་ཞུས་Hawaii མངའ་སྡེའི་དབུས་གཞུང་གི་ཁྲིམས་དཔོན་Derrick Watson ཡིས། Hawaii མངའ་སྡེའི་ཁྲིམས་ཐོག་ནས་སྲིད་འཛིན་གྱི་བཀའ་རྩ་དེར་ཁ་གཏད་རྩོད་ལེན་གནང་རྒྱུ་ཡིན་སྐོར་གསུངས་ཏེ། སྲིད་འཛིན་གྱི་དམ་དྲག་དེ་ལག་བསྟར་བྱས་པ་ཡིན་ན། བཟོ་བཅོས་བྱེད་མི་ཐུབ་པའི་ཕོག་ཐུག་བཟོ་སྲིད་པའི་སྐྱོན་བརྗོད་གནང་འདུག
གོང་ཞུས་Hawaiiམངའ་སྡེའི་ཁྲིམས་དཔོན་གྱིས། ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲ་རམཔ་(Donald Trump)་བཀའརྩ་དེར་འགག་བྱ་གནང་བའི་ཐག་གཅོད་དེ་བཞིན་ཏྲ་རམཔ་ཁུངས་ལུངས་མེད་པ་ཞིག་ལ་ངོས་འཛིན་གྱིས་དགོས་ངེས་བྱུང་ཚེ་ཁོང་གིས་ཆེ་མཐོའི་ཁྲིམས་ཁང་ཆེན་མོ་བར་གཏུག་བཤེར་གནང་རྒྱུའི་བཀའ་མོལ་Tennessee མངའ་སྡེའི་Nashville གྲོང་ཁྱེར་ནང་སྲིད་འཛིན་གྱིས་མང་ཚོགས་ལ་གསུང་བཤད་གནང་སྐབས་གསུངས་ཏེ། གནད་དོན་དེའི་ཐད་རྒྱལ་ཁ་ཐོབ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།