ཡར་ཀླུང་གཙང་པོའི་ཆུ་རགས་དང་གནོད་སྐྱོན་གྱི་ཉེན་བརྡ།
2015.02.18

རྒྱ་ནག་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་མང་པོ་རྒྱག་འཆར་དེས་གཙང་པོ་དང་ཁོར་ཡུག་ལ་གནོད་སྐྱོན་ཕོག་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གིས་བོད་ནས་རྒྱུགས་པའི་ཡར་ཀླུང་གཙང་པོའི་སྟེང་ཉུང་མཐར་ཆུ་རགས་ཉི་ཤུ་ཙམ་རྒྱག་རྒྱུའི་འཆར་གཞི་དེས་རྒྱུགས་ཆུ་དེར་གནོད་སྐྱོན་ཚབས་ཆེ་ཕོག་རྒྱུ་ཡིན་སྐོར་ཀེ་ནེ་ཊའི་ཁོར་ཡུག་ཉམས་ཞིབ་མཁན་སྐུ་ཞབས་Michael Buckleyཡིས་ཉེན་བརྡ་བཏང་གནང་ཡོད་པ་དང་། ཁོང་གིས་བོད་ནས་རྒྱུགས་པའི་ཡར་ཀླུང་གཙང་པོའི་སྟེང་རྒྱ་ནག་གིས་ཆུ་རག་དཔེར་ན་ Zhongyuཞེས་པ་དེ་རྒྱག་རྒྱུའི་མཚོན་ཆུ་རག་མང་དག་ཅིག་རྒྱག་རྒྱུའི་འཆར་གཞི་དེས་ཡར་རླུང་གཙང་པོའི་རྒྱུགས་ཆུར་གནོད་སྐྱོན་ཐེབས་རྒྱུ་མིན་སྐོར་བརྗོད་པ་དེ་བདེན་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད་པ་དང་། དེས་རྒྱ་གར་ལ་གནོད་སྐྱོན་ཚབས་ཆེ་ཕོག་རྒྱུ་ཡིན་སྐོར་གསུངས་འདུག
སྐུ་ཞབས་Buckleyཡིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་༨༦སར་ཡོད་པའི་ཡར་ཀླུང་གཙང་པོའི་སྟེང་རྒྱ་ནག་གིས་ Zhangmuཞེས་པའི་ཆུ་རག་ཅིག་རྒྱབ་ཟིན་པ་མ་ཟད། ད་དུང་ཆུ་རག་གཞན་གྲངས་ལྔ་རྒྱག་བཞིན་པ་ཡིན་སྐོར་གསུངས་འདུག
ཡང་ཁོང་གིས། རྒྱ་གར་གྱིས་པཀིསི་ཏན་དང་། Bangladeshཡུལ་གཉིས་མཉམ་གྲོས་མཐུན་བཞག་པ་བཞིན་རྒྱ་ནག་དང་བཀའ་མོལ་གནང་ནས་བོད་ནས་རྒྱ་གར་ལ་རྒྱུགས་པའི་གཙང་ཆུ་ཁག་བེད་སྤྱོད་གཏོང་སྟངས་སྐོར་གྲོས་མཐུན་འཇོག་ཐུབ་པ་གནང་དགོས་པའི་དགོངས་འཆར་བཏོན་གནང་ཡོད་འདུག ཡིན་ནའང་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་བྱེད་བབ་དེར་གདོང་ལེན་གནང་རྒྱུའི་ཚབ་ཏུ་བོད་ནས་རྒྱུགས་པའི་ཡར་ཀླུང་གཙང་པོའི་སྟེང་བརྒྱབ་པའི་ཆུ་རག་དེ་དག་གིས་རྒྱ་གར་གྱི་ཁོར་ཡུག་ལ་གནོད་ཚབས་ཇི་བཏང་སྐོར་ཉམས་ཞིབ་གནང་རྒྱུའི་འཆར་གཞི་ཡོད་སྐོར་གླེང་གི་ཡོད་འདུག
ཀེ་ནེ་དྲའི་ཁོར་ཡོག་ཉམས་ཞིབ་པ་སྐུ་ཞབས་Buckley ཡིས་བོད་ཀྱི་ཁོར་ཡུག་གི་གནས་བབ་སྐོར་Meltdown in Tibetཞེས་དབྱིན་ཡིག་ནང་དཔེ་དེབ་ཅིག་བྲིས་གནང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།