རྒྱ་ནག་ནང་ཨེ་ཛི་ནད་པའི་ཟུངས་ཁྲག་གཞན་ལ་བླུགས་པའི་སྐོར།

རྒྱ་ནག་གི་དབུས་ཧུའུ་བེ་ཞིང་ཆེན་ནང་མི་གྲངས་༧༤ལ་ཟུངས་ཁྲག་བརྒྱུད་དེ་ཨེ་ཛི་འགོས་ནད་ཀྱི་ནད་འབུ་འགོས་ཁྱབ་བྱུང་ཡོད་འདུག

2010.01.22

༄༅།།རྒྱ་ནག་གི་དབུས་ཧུའུ་བེ་ཞིང་ཆེན་ནང་གི་སྨན་ཁང་ཞིག་གིས་འདས་པའི་མི་ལོ་བཅུ་ལྷག་ཙམ་རིང་ལ་ནད་པར་ཟུངས་ཁྲག་བླུགས་པ་བརྒྱུད་མི་གྲངས་༧༤ལ་ཟུངས་ཁྲག་བརྒྱུད་དེ་ཨེ་ཛི་འགོས་ནད་ཀྱི་ནད་འབུ་HIVའགོས་ཁྱབ་བྱུང་ཡོད་པའི་སྐོར་དེ་རིང་རེས་གཟའ་པ་སངས་ཉིན་ས་གནས་འཕྲོད་བསྟེན་དཔོན་རིགས་ནས་གསང་བའི་གནས་ཚུལ་དངོས་སུ་ངོས་ལེན་བྱས་ཡོད་པ་རེད།

དེ་ཡང་ཧུའུ་བེ་ཞིང་ཆེན་གྱི་ཏ་དབྱི་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་ཁང་གི་འགན་འཛིན་ལི་སོང་ཆོན་གྱིས་ཤིང་ཧྰ་གསར་འགོད་པར་བཤད་དོན། གྲོང་ཁྱེར་ཏ་དབྱི་སྨན་ཁང་ཨང་གཉིས་པས་ཕྱི་ལོ་༢༠༠༣ལོར་ཨེ་ཛི་འགོས་ནད་ཀྱི་ནད་འབུ་ཡོད་པའི་ཟུངས་ཁྲག་བཙོང་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང། དེ་རྗེས་སྨན་ཁང་ནས་ཕྱི་ལོ་༡༩༩༨ལོའི་གོང་དུ་ཟུངས་ཁྲག་ཚོང་མཁན་དང་ནད་པ་ཟུངས་ཁྲག་བླུགས་པ་ཚོར་ཞིབ་འཇུག་བྱས་པའི་སྐབས་ཟུངས་ཁྲག་ཚོང་མཁན་མི་༢༠ལ་ཁྲག་ནང་ཨེ་ཛི་ནད་འབུ་ཡོད་པ་དང། ཟུངས་ཁྲག་བླུགས་ཟིན་པའི་ནད་པ་༧༣ལ་ཨེ་ཛི་ནད་འགོས་ཁྱབ་ཟིན་པ་ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ་བཤད་ཡོད་པ་རེད།

རྒྱ་ནག་ནང་དུ་སྨན་ཁང་ཁག་ལ་རིན་མེད་དུ་ཟུངས་ཁྲག་ཞལ་འདེབས་སྤྲོད་ཕྱོགས་ཀྱི་ཁྲིམས་ལུགས་དེ་ནི་ཕྱི་ལོ་༡༩༩༨ལོའི་ཕྱི་ཟླ་བཅུ་པ་ནས་ལག་བསྟར་བྱེད་རྒྱུ་འགོ་བཙུགས་ཏེ། ཟུངས་ཁྲག་ཚོང་བསྒྱུར་བཀག་བསྡོམས་དང་སྨན་ཁང་དུ་ཡོད་པའི་ཟུངས་ཁྲག་ཡོད་ཚད་ལ་ཨེ་ཛི་གྱི་ནད་འབུ་ཡོད་མེད་བརྟག་དཔྱད་ཞིབ་ཚགས་བྱ་དགོས་པའི་བཀོད་ཁྱབ་ཡོད་ཀྱང། དེ་སྔོན་ཟུངས་ཁྲག་བླུགས་དགོས་བྱུང་བའི་ནད་པ་རུས་མིང་ཀྲུའུ་ཟེར་བར་ན་ནིང་ལོ་མཇུག་ཏུ་བརྟག་དཔྱད་བྱས་ནས་ཨེ་ཛི་ནད་འབུ་འགོས་ཁྱབ་ཟིན་པ་ཤེས་རྟོགས་བྱུང་ཡོད་པ་དང། རེས་གཟའ་ལྷག་པའི་ཉིན་ལྦུ་ཧན་སྔ་དྲོའི་ཚགས་ཤོག་ཐོག་ལ། ཏ་དབྱི་སྨནཁང་ནས་ནད་པ་༨༠ལ་ཟུངས་ཁྲག་བླུགས་པ་བརྒྱུད་ཨེ་ཛི་ནད་འབུ་འགོས་ཁྱབ་བྱུང་ཡོད་པའི་ཁར་ད་དུང་ནད་པ་དེ་དག་གིས་སོ་སོའི་ནང་མི་༢༠ཙམ་ལ་ཨེ་ཛི་ནད་འབུ་འགོས་ཡོད་པའི་སྐོར་དང། གྲོང་ཁྱེར་སྲིད་གཞུང་གིས་ནད་པ་དེ་དག་ལ་སྨན་བཅོས་དང་གུན་གསབ་ཀྱི་ཆེད་དུ་རྒྱ་མིའི་སྒོར་མོ་ས་ཡ་༢༠སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎