བོད་དོན་ཆེད་རང་ལུས་སྲེག་མཁན་རྣམས་ལ་མཆོད་འབུལ།
2012.11.04
༄༅༎རྒྱ་གར་ནང་རྒྱུད་སྟོད་གྲྭ་ཚང་དུ་བོད་ནང་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ངོ་རྒོལ་གནང་མཁན་ཡོངས་ཀྱི་ཆེད་དུ་མཆོད་འབུལ་ཞུས་གནང་འདུག
འདི་ཚེས་ ༤ རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པ་བཞུགས་སྒར་རྡ་རམ་ས་ལའི་ཉེ་མཁྲིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བོད་ནང་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཡོངས་ཀྱི་ཆེད་དུ་དཔལ་རྡོ་རྗེ་འཇིཊ་བྱེད་ཀྱི་བདག་འཇུག་གི་ཆོ་གའི་སྒོ་ནས་མཆོད་འབུལ་གནང་འདུག མཆོད་འབུལ་འདུ་འཛོམས་དེར་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་དང་བླ་དབུ་ཐུབ་བསྟན་བསྟན་འཛིན་རྣམ་གཉིས་དབུ་བཞུགས་ཐོག་རྒྱུད་སྟོད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་དང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་དང་སྒྲོལ་མ་གླིང་བཙུན་དགོན། དེ་བཞིན་བཞུགས་སྒར་རྡ་རམ་ས་ལ་དང་ནོར་གླིང་ཉེ་འཁྲིས་ཀྱི་སེར་སྐྱ་མི་མང་བཅས་མི་ ༥༠༠ ལྷག་འདུ་འཛོམས་ཀྱིས། བོད་ནང་བསྟན་སྲིད་མི་རིགས་དང་རང་དབང་དོན་དུ་རྩ་ཆེའི་རང་སྲོག་མཆོད་མེར་འསྲེག་མཁན་བོད་མི་ཡོངས་དང་། ཁོང་རྣམ་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་གོང་ཞུས་ མཆོད་འབུལ་སྨོན་ལམ་གནང་འདུག།