ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་རྒྱ་རི་པདྨ་རྒྱལ་པོ་ལགས་སུ། བྷངྒ་ལ་དེ་ཤེ་རྒྱལ་ཁབ་ཀྱི་རང་དབང་ཆེད་དམག་འཁྲུག་གི་གྲོགས་པོ་ཟེར་བའི་ཆེ་བསྟོད་བྱ་དགའ་གནང་ཡོད་པ།

2023.05.01
ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་རྒྱ་རི་པདྨ་རྒྱལ་པོ་ལགས་སུ། བྷངྒ་ལ་དེ་ཤེ་རྒྱལ་ཁབ་ཀྱི་རང་དབང་ཆེད་དམག་འཁྲུག་གི་གྲོགས་པོ་ཟེར་བའི་ཆེ་བསྟོད་བྱ་དགའ་གནང་ཡོད་པ། སྤྱི་ཟླ་༤པའི་ཚེས་༢༧ཉིན་བྷངྒ་ལ་དེ་ཤེ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་དངོས་ཀྱི་ཕྱག་ནས།་རྒྱ་རི་པདྨ་རྒྱལ་པོ་ལགས་སུ་friends of liberation war honourརང་དབང་ཆེད་དམག་འཁྲུག་གི་གྲོགས་པོ་ཟེར་བའི་བྱ་དགའ་ཕུལ་བ།
Photo: RFA

ལོ་འདིར་ཉི་ཧོང་དང་བྷངྒ་ལ་དེ་ཤེ་རྒྱལ་ཁབ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༥༠འཁོར་བ་དང་། བྷངྒ་ལ་དེ་ཤེ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་༥༢འཁོར་བའི་སྐབས་དང་བསྟུན། བྷངྒ་ལ་དེ་ཤེ་རྒྱལ་ཁབ་ཀྱི་སྲིད་བློན་Sheikh Hasinaསྐུ་དངོས་ཀྱི་ཕྱག་ནས། སྤྱི་ལོ་༡༩༧༡ལོར་བྷངྒ་ལ་དེ་ཤེ་རྒྱལ་ཁབ་ཀྱིས་རང་དབང་འཐབ་རྩོད་ཀྱི་དམག་འཁྲུག་སྐབས་སུ། ཁོ་ཚོ་ལ་རོགས་རམ་བྱེད་མཁན་ཉི་ཧོང་གི་མི་བཞི་ལ་“རང་དབང་ཆེད་དམག་འཁྲུག་གི་གྲོགས་པོ་”ཟེར་བའི་བྱ་དགའ་ཆེ་བསྟོད་ཕུལ་བའི་ཁོངས་སུ། ཉི་ཧོང་ནང་གནས་སྡོད་བོད་མི་དང་ཉི་ཧོང་དོན་གཅོད་ཟུར་པ་རྒྱ་རི་པདྨ་རྒྱལ་པོ་ལགས་ཀྱང་ཚུད་ཡོད་པས། བྱ་དགའ་དེ་ནི་བྷངྒ་ལ་དེ་ཤེ་རང་བཙན་འཐབ་རྩོད་ཀྱི་སྐབས་ཞལ་འདེབས་བསྡུས་ཏེ་རོགས་རམ་བྱས་པ་དང་། ཁོང་ཚོའི་གནས་སྟངས་ཁྱབ་བསྒྲགས་བྱས་པར་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཡིན་པ། སྤྱི་ཟླ་༥པའི་ཚེས་༡ཉིན་རྒྱ་རི་པདྨ་རྒྱལ་པོ་ལགས་ནས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་བྷངྒ་ལ་དེ་ཤེ་རང་དབང་འཐབ་རྩོད་ཀྱི་སྐབས་ཏེ་སྤྱི་ལོ་༡༩༧༡ལོར་བོད་མི་མང་པོས་སྲོག་བློས་གཏོང་གིས། ཁོ་ཚོའི་རྒྱལ་ཁབ་རང་བཙན་གྱི་ཆེད་དམག་འཁྲུག་ཏུ་ཞུགས་ཡོད་པས། དེ་ཚོའི་སྐོར་མི་ཚོས་ཧ་གོ་ན་ཡག་པོ་འདུག་སྙམ་ནས་བོད་མིའི་ངོ་བོའི་ཐོག་ནས་ཁོ་ཚོར་རོགས་རམ་གྱི་ཕྱག་ལས་གནང་བ་འགྲེལ་བརྗོད་གནང་གི་འདུག
སྤྱི་ཟླ་༤པའི་ཚེས་༢༧ཉིན་རྒྱ་རི་པདྨ་རྒྱལ་པོ་ལགས་སུ་ཕུལ་བའི་friends of liberation war honourརང་དབང་ཆེད་དམག་འཁྲུག་གི་གྲོགས་པོ་ཟེར་བའི་བྱ་དགའ་དེ་ནི། བྷངྒ་ལ་དེཤེ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་རྙེས་སྐབས། དེ་ལ་དམིགས་བསལ་གྱིས་མཐུན་འགྱུར་ཞབས་འདེགས་བསྒྲུབས་པར་གུས་བརྩི་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད། རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་གྱི་མཚན་ཐོག་ནས་ཕུལ་བའི་ཆེ་བསྟོད་ཅིག་ཆགས་ཡོད་ཅིང་། རྒྱ་རི་པདྨ་རྒྱལ་པོ་ལགས་ནི་སྤྱི་ལོ་༡༩༥༣ལོར་ཁམས་ཉག་རོང་དུ་འཁྲུངས་པ་དང་། སྤྱི་ལོ་༡༩༦༥ལོ་དགུང་ལོ་༡༣སྐབས་ནས་ཉི་ཧོང་དུ་ཕེབས་ཏེ་སློབ་གཉེར་དང་། ཉི་ཧོང་དོན་གཅོད་མི་ལོ་༡༥རིང་གནང་ཡོད་པ་མ་ཟད། ཉི་ཧོང་གི་གཙུག་ལག་སློབ་ཆེན་ཁག་ཏུ་དགེ་རྒན་ཆེན་མོ་དང་། རྒྱལ་ཡོངས་བརྙན་འཕྲིན་ཁག་ཏུ་ཆབ་སྲིད་དཔྱད་བརྗོད་པ་སོགས་གནང་གི་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎