༧གོང་ས་མཆོག་གི་སྐུ་སྒེར་བོད་ཡིག་གི་དྲ་རྒྱའི་ཇུས་འགོད་ཁ་སྣོན་དང་བདེ་འཇགས་ལེགས་བཅོས་གནང་འདུག

2020.12.17
༧གོང་ས་མཆོག་གི་སྐུ་སྒེར་བོད་ཡིག་གི་དྲ་རྒྱའི་ཇུས་འགོད་ཁ་སྣོན་དང་བདེ་འཇགས་ལེགས་བཅོས་གནང་འདུག ༧གོང་ས་མཆོག་གི་སྐུ་སྒེར་བོད་ཡིག་གི་དྲ་རྒྱ། ༢༠༢༠
དྲ་བཤུས།

བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་བོད་ཡིག་དྲ་རྒྱ་ལས་གསུང་རྩོམ་ཁག་ཅིག་འཕྲུལ་དེབ་ཏུ་ཕབ་ལེན་ཐུབ་པ་དང་ཇུས་འགོད་ཁ་སྣོན་ལེགས་བཅོས་གནང་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་བོད་ཡིག་གི་དྲ་རྒྱ་དེ། སྐུ་སྒེར་དྲ་རྒྱ་སྐད་ཡིག་གཞན་ཁག་གི་ཐོག་ཡོད་པ་ཚོ་དང་བཟོ་དབྱིབས་གཅིག་མཚུངས་སུ་བོད་ཡིག་གི་དྲ་རྒྱ་(www.gyalwarinpoche.com)ལེགས་བཅོས་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་བོད་ཡིག་གི་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་འཇིགས་མེད་ཚེ་རིང་ལགས་ནས་གསུང་ན། དྲ་ཚིགས་དེར་མདུན་ངོས་ཀྱི་དཀར་ཆག་སྡེ་ཚན་བཅུ་ཡོད་པ་ལས། གསུང་རྩོམ་གྱི་ནང་༧གོང་ས་མཆོག་གི་རྣམ་ཐར་དང་བཀའ་རྩོམ་མང་པོ་བླུགས་ཏེ། འཕྲུལ་དེབ་ཀྱི་ངོ་བོ་ལ་བཟོས་ཡོད་པ་ཕབ་ལེན་བྱ་ཐུབ་པ་གསར་སྣོན་བྱས་ཡོད་དང་མཚུངས། ཡིག་མཛོད་དང་བརྙན་པར་གྱི་སྡེ་ཚན་བཅུ་གཉིས་ཡོད། དྲ་ལམ་ནས་དྲ་རྒྱ་ལ་དྲ་འབུས་འཇབ་རྒོལ་བྱ་མི་ཐུབ་པ་དང་། འཚོལ་ཞིབ་གྱི་ནང་དུའང་གསར་བཅོས་ཁག་ཅིག་གནང་ནས་དྲ་རྒྱ་ལེགས་བཅོས་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

dalai-lama.JPG

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་མཚན་ཐོག་གི་སྐུ་སྒེར་དྲ་རྒྱ་ནི་སྐད་ཡིག་མི་འདྲ་བ་བཅུ་གཉིས་ཀྱི་ནང་བཟོས་ཡོད་པ་དང་། བོད་ཡིག་ཏུ་དྲ་བྱང་ལ་༧རྒྱལ་བ་རིན་པོ་ཆེ་ཞེས་མཚན་བཏགས་ཡོད་པའི་དྲ་ཚིགས་དེར། མདུན་ངོས་དང་མཛད་འཆར། འཕྲིན་གསར། དགོངས་གཞི། སྐུ་པར། བརྙན་འཕྲིན། དེ་ལས་མང་བ་བཅས་སྡེ་ཚན་མི་འདྲ་བ་དུ་མ་བཟོས་ཡོད་པའི་ནང་། ༧གོང་ས་མཆོག་གིས་ཁོར་ཡུག་དང་ཤེས་ཡོན། ཆོས་རིག་དང་བོད་དོན། གལ་ཆེའི་གསུང་འཕྲིན་ཁག་དང་གསར་འགོད་བཅར་སོགས་ཀློག་ཐུབ་པ་མ་ཟད། བཀའ་ཆོས་སོགས་ཐད་གཏོང་གི་མཛད་རིམ་ཁག་ལའང་གཟིགས་ཐུབ་ཀྱི་ཡོད་པ་མ་ཟད། གཞན་ཡང་༧རྒྱལ་བ་རིན་པོ་ཆེ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཐོག་ལེགས་བཅོས་ཧ་ཅང་ཡག་པོ་གནང་ཡོད་པ་དང་། ད་ལམ་དྲ་རྒྱ་ལ་གསར་དུ་ཁ་སྣོན་ནི་ལག་ཁྱེར་ཁ་པར་དང་། (IPAD)གློག་ཀླད་བཅས་འཆར་ངོས་མི་འདྲ་བ་གསུམ་ལ་རྣམ་པ་མི་འདྲ་བའི་ཐོག་ནས་འཆར་ཐུབ་པ་བཟོས་ཡོད་པ་རེད་ཅེས་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ཡིག་དྲ་ཚིགས་ལ་འགྱུར་བ་ཐེངས་མ་བཞི་བཏང་ཡོད་པ་ནི། གཅིག་ནས་དྲ་རྒྱའི་གནས་སྟངས་ཡར་རྒྱས་འགྱུར་བ་མུ་མཐུད་འགྲོ་བཞིན་པས་ཡིན་པ་དང་། གཉིས་ཐད་ནས་མ་ལག་གསར་དུ་ངེས་པར་དུ་བརྗེ་དགོས་པ་སོགས་ཀྱིས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དྲ་རྒྱ་བསྐྱར་དུ་ཇུས་འགོད་སྒྲིག་བཟོ་གནང་བར། ཟླ་བ་བཞི་མ་ཟིན་ཙམ་ཕྱིན་ཡོད་པ་དང་། དྲ་ཚིགས་དེ་ནི་ནམ་རྒྱུན་བོད་སྐད་ཀྱི་ལམ་ནས་༧གོང་ས་མཆོག་གི་མཛད་འཕྲིན་ལ་གཟིགས་མཁན་ཚོར། སྤྱོད་སྒོ་ཆེན་པོ་དང་ལྷག་པར་ཐད་གཏོང་ཁག་ལ་གཟིགས་ཡུལ་གྱི་འཕྲིན་ལམ་གཙོ་བོ་ཞིག་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎