གུ་རུ་ཀུལ་ལས་འཆར་ཐེངས་ཉེར་བཞི་པ་རྡ་སར་སྤེལ་བཞིན་འདུག


2018.05.31
གུ་རུ་ཀུལ་(Gurukul)ལས་འཆར་ཐེངས་ཉེར་བཞི་པའི་སྐབས། ༢༠༡༨།༥།༢༦ གུ་རུ་ཀུལ་(Gurukul)ལས་འཆར་ཐེངས་ཉེར་བཞི་པའི་སྐབས། ༢༠༡༨།༥།༢༦
Foundation for Universal Responsibility of HH the Dalai Lama/FB

རྒྱ་གར་གྱི་མཐོ་རིམ་སློབ་མ་རྣམས་ལ་བོད་དོན་དང་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཆེད་(Gurukul) ཞེས་པའི་ལས་འཆར་ཐེངས་ ༢༤ པ་སྤེལ་བཞིན་འདུག
འདས་པའི་ལོ་འགའ་ཤས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་༧གོང་ས་ཏཱ་ལའི་བླ་མའི་ཐེབས་རྩས་ལོ་ལྟར་(Gurukul)ཞེས་པའི་ལས་རིམ་ཞིག་གོ་སྒྲིག་གིས་རྒྱ་གར་གྱི་མཐོ་སློབ་ཁག་འདྲ་མིན་དུ་འགྲིམ་བཞིན་པའི་གཙོ་བོ་རྒྱ་གར་བ་དང་བོད་རིགས་སོགས་ལ་བོད་མིའི་སྤྱི་ཚོགས་དང་། བོད་པའི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་རིམ་སྤེལ་བཞིན་པ་ལྟར། འདི་ལོར་ཡང་(Gurukul)ཞེས་པའི་ལས་རིམ་ཐེངས་ ༢༤ པ་དེ་གོ་སྒྲིག་གིས། རྒྱ་གར་གྱི་མངའ་སྡེ་ཁག་ ༡༦ ནས་མཐོ་རིམ་སློབ་གྲྭ་ཁག་ ༢༠ ཙམ་གྱི་ནང་སློབ་སྦྱོང་གནང་བཞིན་པའི་རྒྱ་གར་བ་སློབ་ཕྲུག་གྲངས་ ༢༤ དང་། བོད་རིགས་སློབ་ཕྲུག་གྲངས་༣ ཝི་ཏི་ནམ་ནས་སློབ་ཕྲུག་ ༡ བཅས་ཁྱོན་སློབ་ཕྲུག་གྲངས་ ༢༨ རྒྱ་གར་རྡ་རམ་ས་ལར་ཁྲིད་ནས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༡ ནས་ཕྱི་ཟླ་ ༦ ཚེས་ ༡༣ བར་ཁྱོན་ཉིན་གྲངས་ ༢༤ ཙམ་རིང་བོད་མིའི་སྤྱི་ཚོགས་དང་། བོད་པའི་ཆོས་དང་རིག་གཞུང་ངོ་སྤྲོད་གནང་བཞིན་ཡོད་པ་རེད།
ལྡི་ལིར་ཡོད་པའི་༧གོང་ས་མཆོག་གི་ཐེབས་རྩ་དང་གུ་རུ་ཀུལ་ཞེས་པའི་ལས་རིམ་གི་འགན་འཁུར་བ་ཉི་མ་རྡོ་རྗེ་ལགས་ཀྱིས། གུ་རུ་ཀུལ་ཞེས་པའི་ལས་རིམ་དེ་དང་ལས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི། ༧གོང་ས་མཆོག་གི་དགོངས་གཞི་ལྟར་རྒྱ་གར་ནང་མཐོ་སློབ་འགྲིམས་བཞིན་པའི་མཐོ་རིམ་སློབ་མ་དང་། ལྷག་དོན་རྒྱ་གར་གྱི་མཐོ་རིམ་སློབ་མ་རྣམས་ལ་བོད་དོན་དང་བོད་པའི་ཆོས་དང་རིག་གཞུང་ངོ་སྤྲོད་བྱ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་སོང་།
ཐེངས་འདིར་གུ་རུ་ཀུལ་ལས་འཆར་ནང་མཉམ་ཞུགས་གནང་བའི་སློབ་ཕྲུག་རྣམས་རྒྱ་གར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བོད་པའི་ལག་ཤེས་དང་རིག་གཞུང་གི་ལྟེ་གནས་ཁག རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་བཅས་ལ་ལྟ་སྐོར་དང་། མཁས་དབང་དང་འབྲེལ་ཡོད་ཆེད་མཁས་མི་སྣ་གདན་ཞུས་ཀྱིས་བོད་ཀྱི་ཆབ་སྲིད་དང་། ནང་ཆོས་ལ་སོགས་པའི་བརྗོད་གཞི་འདྲ་མིན་ཐོག་སློབ་མ་ཚོ་ལ་གཏམ་བཤད་གོ་སྒྲིག་གནང་ཡོད་འདུག

གསར་འགོད་པ་སངས་རྒྱས་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎