རྒྱ་ནག་གི་དམག་དཔོན་ཟུར་པ་ཞིག་གི་བུ་ལ་ལྐོག་ཟའི་རྟོག་ཞིབ།
2015.03.02
རྒྱ་ནག་གི་དམག་དཔོན་ཟུར་པ་Guo Boxiongཡིས་བུ་Guo Zhenggangལ་ལྐོག་ཟའི་རྟོག་ཞིབ་བྱེད་བཞིན་འདུག
དེ་ཡང་དེང་སྐབས་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དམག་དཔོན་ཟུར་བ་ཞིག་གི་བུ་གཙོས་པའི་དམག་དཔོན་བཅུ་བཞི་ཙམ་གྱི་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ས་གནས་གསར་འགྱུར་བརྒྱུད་ལམ་ནང་། རྒྱ་ནག་གི་བདེ་འཇགས་ལྷན་ཁང་ནས་དེ་རིང་རེས་གཟའ་ཟླ་བའི་ཉིན་གསལ་སྟོན་གནང་བའི་ནང་། ཕྱི་ལོ་༢༠༡༣་ལོའི་ནང་ནུས་སྟོབས་ཆེ་བའི་རྒྱ་ནག་དབུས་དམག་དཔུང་ལས་ཁང་གི་འགན་འཛིན་གཞོན་པ་ཟུར་པ་Guo Boxiongཡི་བུ་Guo Zhenggang་ཡིས་ལྐོག་ཟ་བྱས་པའི་དོགས་གཞིའི་ཐོག་ད་ཆ་གཞུང་འབྲེལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ལོ་གྲངས་༤༥་ལྔར་སླེབས་པའི་Guoནི་རྒྱ་ནག་Zhejiangཞིང་ཆེན་དམག་ཁང་གི་དཔོན་རིགས་གཞོན་པ་ཞིག་ཡིན་ཞིང་ཁོ་པས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་ཀྱིས་ད་ཆ་གཞུང་འབྲེལ་རྟོག་ཞིབ་བྱེད་བཞིན་ཡོད་ལུགས་གཞུང་འབྲེལ་གསལ་སྟོན་གནང་འདུག
Guo Zhengangཡིས་ལྐོག་ཟ་རུལ་སུངས་བྱས་ནས་གཞུང་འབྲེལ་རྟོག་ཞིབ་བྱེད་བཞིན་ཡོད་པའི་འཆལ་གཏམ་ཟླ་བ་འགའ་ཤས་ཀྱི་སྔོན་ནས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་འདོན་སྤེལ་བྱས་ཡོད་ཀྱང་རོལ་ཊར་གསར་ལས་ཁང་གིས་གནད་དོན་དེ་བདེན་མིན་ཐད་Guoལ་བཅའ་འདྲི་ཞུ་རྩིས་བྱས་ཀྱང་འབྲེལ་བ་བྱེད་ཐུབ་མེད་པ་བརྗོད་འདུག རྒྱ་ནག་གི་སྲིད་འཛིན་Xi Jinpingཡིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གྱི་ལས་འགུལ་ཁྲོད་ད་བར་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་འོག་བཙོན་འཇུག་བྱེད་པ་དང་། རྟོག་ཞིབ་བྱེད་པ་སོགས་ཀྱི་གནས་ཚུལ་མང་དག་ཞིག་ཐོན་ཡོད་པ་རེད། ད་ཆ་རྒྱ་ནག་གི་དམག་མིའི་དཔོན་རིགས་ཚོའི་ཐོག་རྟོག་ཞིབ་བྱེད་བཞིན་པ་རེད་འདུག
གསར་འགོད་པ་དབྱངས་སྒྲོལ།