དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་འཕོ་འགྱུར་བྱུང་བ།


2016.09.30
དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་གསར་བ། ༢༠༡༦།༩།༣༠ དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་གསར་བ། ༢༠༡༦།༩།༣༠
བང་ཆེན།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་ཆེན་གྲོས་ཆོད་དོན་ཚན་བཅུ་དང་མཉམ་མཇུག་སྒྲིལ་བ་དང་རྒྱུན་ལས་གསར་འདེམས་གནང་འདུག
འདི་ཟླའི་ཚེས་༢༧་ནས་ཉིན་གསུམ་རིང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་འཚོགས་རྗེས་ གྲོས་ཆོད་དོན་ཚན་བཅུ་དང་མཉམ་མཇུག་སྒྲིལ་གནང་ཡོད་པ་དང་། ཚེས་༢༩་ཉིན་ཚོགས་ཞུགས་པ་ཚོས་རྒྱུན་ལས་བཅུ་གཅིག་གསར་འདེམས་གནང་ཡོད་པ་ལས་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཚོགས་གཙོར་འདེམས་ཐོན་གནང་འདུག
སྐབས་དེར་ཚོགས་གཙོ་ཟུར་པ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། ཚོགས་པ་ཞིག་ལ་མཚོན་ན་འགོ་བཙུགས་པ་ལས་མཇུག་སྒྲིལ་རྒྱུ་དེ་ཁག་པོ་ཡོད་པ་རེད། དགུ་བཅུ་གསུམ་གྱི་ཚོགས་པ་དེ་གནས་པ་ཙམ་གྱིས་མི་འགྲིག་པར་བོད་ཀྱི་རྩ་དོན་གྱི་དམིགས་ཡུལ་ཞིག་གྲུབ་དགོས་ཀྱི་ཡོད་པ་རེད། བོད་ནང་དུ་ཆབ་སྲིད་བཙོན་པ་སྟོང་ཕྲག་འགའ་ཤས་ཡོས་རེད་ལ་ཁོང་ཚོའི་མངོན་འདོད་དང་། རེ་བ། དེ་བཞིན་སྐུ་ལུས་མེར་བསྲེག་གནང་མཁན་བོད་མི་བརྒྱ་དང་ལྔ་བཅུ་ལྷག་བྱུང་ཡོད་པས་ཁོང་རྣམས་པའི་ཞལ་ཆེམས་ལ་བདག་པོ་སྐྱོན་དགོས་ཀྱི་རེད་ཅེས་གསུང་འདུག
ཡང་གསར་དུ་འདེམས་ཐོན་བྱུང་བའི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་དགུ་བཅུ་གསུམ་ཚོགས་པའི་ཚོགས་མི་རྣམས་དང་མུ་མཐུད་འབྲེལ་ལམ་དམ་ཟབ་གནང་དགོས་པ་དང་། ཚོགས་ཆེན་དེའི་ཐོག་ཐག་གཅོད་གནང་བའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཐབས་སུ་འབད་བརྩོན་ལྷོད་མེད་གནང་རྒྱུ་ཡིན་སྐོར་སོགས་གསུང་འདུག
ཐེངས་འདིའི་ཚོགས་ཆེན་དེའི་ཐོག་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཡར་རྒྱས་གཏོང་ཐབས་དང་ བོད་ཀྱི་ཆབ་སྲིད་བཙན་པའི་ལོ་རྒྱུས་པར་བསྐྲུན། རྒྱལ་སྤྱིའི་ཐོག་བོད་དོན་ངོ་སྤྲོད་གནང་ཐབས། ཆབ་སྲིད་བཙོན་ཟུར་ཚོར་གཟིགས་སྐྱོང་གནང་ཕྱོགས། ལས་རྒྱུན་རིང་༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་ལངས་ཕྱོགས་ལྟ་བ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་ཀྱི་རིགས་གཏན་ནས་བྱེད་མི་ཆོག་པ་སོགས་ཀྱི་སྐོར་གྲོས་ཆོད་བཅུ་བཞག་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎