རྡ་སར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་སྐོར།

སེ་ར་དགོན་པའི་འོད་ཟེར་རིན་པོ་ཆེ་མཆོག་དགུ་བཅུ་གསུམ་གྱི་རྒྱུན་ལས་གསར་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད་པའི་སྐོར།

2010.09.30

༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་མཇུག་བསྒྲིལ་གནང་བ་དང་སེ་ར་དགོན་པའི་འོད་ཟེར་རིན་པོ་ཆེ་མཆོག་རྒྱུན་ལས་གསར་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

དགུ་བཅུ་གསུམ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་རེས་གཟའ་ཟླ་བ་ཉིན་དབུ་འཛུགས་གནང་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་ཚོགས་འདུ་མཇུག་སྡོམ་སྐབས་ གདན་ས་ཆེན་པོ་སེ་ར་དགོན་པའི་འོད་ཟེར་རིན་པོ་ཆེ་མཆོག་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་པ་དང་དེ་མིན་རྒྱུན་ལས་གསར་པ་༡༤ཡང་གསར་དུ་འོས་འདེམས་བྱུང་བཞག

གསར་དུ་འོས་འདེམས་བྱུང་བའི་ཚོགས་གཙོ་འོད་ཟེར་རིན་པོ་ཆེ་མཆོག་གིས་དགུ་བཅུ་གསུམ་ཚོགས་པའི་འདུན་པ་དང་དམིགས་ཡུལ་གྱི་ཤུགས་ཚད་ཆེ་རུ་གཏོང་རྒྱུ་དང་ ཆབ་སྲིད་ཀྱི་ཐད་ནས་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་རྒྱུ་མིན་པའི་སྐོར་དང་ དེ་བཞིན་ཚོགས་པའི་ཚོགས་མི་རྣམས་ནས་བོད་སྤྱི་བའི་དོན་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་ལས་དོན་མཉམ་རུབ་བྱེད་དགོས་པའི་སྐུལ་མ་གནང་བཞག

དགུ་བཅུ་གསུམ་ཚོགས་པའི་ཚོགས་ཆེན་མཇུག་སྒྲིལ་གནང་པའི་རྗེས་ཁ་ས་གསར་དུ་འོས་འདེམས་བྱུང་བའི་རྒྱུན་ལས་རྣམ་པ་ཚོ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་མཇལ་ཁ་ཞུས་གནང་ཡོད་པ་རེད་ དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་བཞིན་  བོད་མི་ཆབ་སྲིད་བཙོན་ཟུར་བ་རྣམས་ལ་གཟིགས་རྟོགས་གནང་རྒྱུ་དང་ཆབས་ཅིག་བོད་ནས་ཆབ་སྲིད་བཙོན་པ་གློད་ཀྲོལ་འབྱུང་ཐབས་ཀྱི་ལས་འགུལ་གཙོ་དོན་བཞག་ཏེ་༡༩༩༡ལོར་བོད་མི་ཆབ་སྲིད་བཙོན་ཟུར་བ་རྣམས་ནས་བཞུགས་སྒར་རྡ་རམ་ས་ལར་གསར་འཛུགས་གནང་བའི་སྒྲིག་འཛུགས་ཤིག་ཡིན་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎