ཀྲུའུ་ཝེ་ཆོན་ལ་དཀའ་ངལ་ཞིག་འཕྲད་ཡོད་པ་ཚོད་དཔག་བྱེད་ཐུབ།


2016.04.21
རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun
དྲ་བཤུས། XH

རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་ལ་ལྐོག་ཟའི་ཞིབ་འཇུག་བྱེད་བཞིན་ཡོད་པའི་སྐོར་ད་བར་གཞུང་འབྲེལ་ཐོག་ནས་གནས་ཚུལ་གང་ཡང་སྤེལ་མེད་ཀྱང༌། ཁོ་པར་དཀའ་ངལ་ཞིག་འཕྲད་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ཅེས་བོད་དོན་དབྱེ་ཞིབ་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱི་འདི་ཚེས་༢༡་ཉིན་སྤེལ་བའི་རྩོམ་བྲིས་ཤིག་ནང་བཀོད་འདུག
དེ་ཡང་རྩོམ་བྲིས་དེའི་ནང་ཉེ་ལམ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་ Bowen Press་ཞེས་པས་ཀྲུའུ་ཝེ་ཆོན་གྱི་ཐོག་“སྤྲུལ་སྐུའི་”གོ་མིང་བེད་སྤྱད་ནས་ལྐོག་ཟ་ཤུགས་ཆེ་བྱས་པའི་དོན་རྐྱེན་འོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱེད་བཞིན་པ་ཡིན་པའི་གནས་ཚུལ་སྤེལ་ཡོད་ཀྱང༌། རྒྱ་ནག་གཞུང་གིས་གནས་ཚུལ་དེ་བདེན་པ་ཡིན་མིན་སྐོར་གང་ཡང་བཤད་མེད་ཀྱང༌། Bowen Press་ནི་རྒྱ་ནག་ནང་ལོག་གི་གནས་ཚུལ་སྣ་ཚོགས་སྤེལ་མཁན་གྱི་དྲ་རྒྱ་ཞིག་ཡིན་པ་དང་། གནས་ཚུལ་ཡོང་ཁུངས་ཡང་མང་ཆེ་བ་རྒྱ་ནག་ནས་ཡིན་པ་ཧ་ལམ་ཤེས་ཐུབ་པ་ཞིག་ཡིན་པ་མ་ཟད། ཞི་ཅིན་ཕིང་གིས་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་རྗེས་ཀྲུའུ་ཝེ་ཆོན་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་གོ་གནས་མེད་པ་བཟོ་སྟངས་དང་། རྒྱ་ནག་ཏུ་ཡོད་པའི་བོད་རིགས་མཁས་དབང་འཇམ་དཔལ་རྒྱ་མཚོས་ཀྲུའུ་ཝེ་ཆོན་ལ་དགག་པ་རྒྱག་སྟངས་སོགས་ཉེ་ལམ་ལོ་ཤས་ནང་གི་གནས་ཚུལ་འགྱུར་འགྲོས་དེ་དག་ལ་གུང་བསྒྲིགས་ནས་བལྟས་པ་ཡིན་ན། ཀྲུའུ་ཝེ་ཆོན་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་ཀྱི་ཡོད་མེད་དང་། དེ་ཡང་“སྤྲུལ་སྐུའི་”གོ་མིང་བེད་སྤྱད་ནས་ལྐོག་ཟ་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཡིན་མིན་ཁོ་བོས་ཚིག་ཐག་གཅོད་དཀའ་ཡང་། ཀྲུའུ་ལ་དཀའ་ངལ་ཞིག་འཕྲད་ཡོད་པ་དང་། དེ་ཡང་ཀྲུའུ་ཡི་ལས་དོན་བྱེད་སྟངས་ཀྱི་རྐྱེན་པས་གོང་རིམ་ནས་བྱུང་པའི་དཀའ་ངལ་ཞིག་ཡིན་པར་ང་རང་སྒེར་གྱིས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འཁོད་འདུག      

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎