འཇར་མ་ནི་གཞུང་གིས་རྒྱ་ནག་གཞུང་ལ་འབོད་སྐུལ།
2011.10.21
༄༅།།ཇར་མི་ནི་གཞུང་གིས་རྒྱ་ནག་གཞུང་དང་༧གོང་ས་༧་སྐྱབས་མགོན་ཏྰ་ལའི་བླ་མ་རིན་པོ་ཆེ་མཆོག་གཉིས་ཀར་འབོད་སྐུལ་ཞུས་གནང་སྟེ། རྒྱ་ནག་གི་ཁོངས་སུ་རྟོགས་པའི་བོད་ཀྱི་རྔ་བ་རྫོང་གི་ནང་དགེ་འདུན་པ་དང་སྐྱ་བོ་ན་གཞོན་ཁག་ཅིག་གིས་བོད་མིའི་ཆོས་ལུགས་ཐོབ་ཐང་སོགས་ཀྱི་རང་དབང་མེད་པར་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེ་བསྲེགས་བཏང་བའི་གནས་སྟངས་དེ་མཚམས་འཇོག་ཡོང་བའི་ཕྱག་བཞེས་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
དེའང་ཇར་མི་ནིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨེན་ཌི་རིཡསི་པེཤ་ཀེ་ཡིས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་ལྡོག་གཏོང་དགོས་པ་དང་བོད་ནང་བོད་མི་གསོན་བསྲེགས་བྱེད་པའི་ཡ་ང་བའི་གནས་སྟངས་དེ་རིགས་མི་ཡོང་བ་གནང་དགོས་པའི་སྐོར་དང་། དེ་བཞིན་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཀྱང་བོད་མི་སྐྱ་སེར་ཕོ་མོ་ཚོས་བོད་ཀྱི་རང་དབང་ཐོིབ་ཐང་ཆེད་རང་ལུས་མེ་བསྲེགས་བཏང་བའི་གནས་སྟངས་དེ་རིགས་མི་ཡོང་བའི་བཀའ་སློབ་བརྒྱུད་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་རེད།
བོད་རྔ་བ་ཀིརྟི་རྫོང་གི་ཁུལ་བེུད་བཙུན་མ་ཞིག་གིས་རང་ལུས་མེ་བསྲེགས་བཏང་བ་དེ་ནི་བོད་ཀྱི་བེུད་རང་ལུས་མེ་བསྲེགས་བཏང་མཁན་ཐོག་མ་དེ་ཡིན་པ་དང་དེ་བཞིན་སྐྱ་སེར་ཕོ་མོ་ཁྱོན་བསྡོམས་༩་ཙམ་གྱིས་རང་ལུས་མེ་བསྲེགས་བཏང་ཡོད་པ་དང་དེའི་ཚོའི་ནང་ནས་མི་གྲངས་ལྔ་སྲོག་སྐྱོན་ཤོར་བའི་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་བཤད་ཡོད་རེད།།