བཀའ་ཁྲིས་ཇར་མན་དུ་གྲོས་ཚོགས་ཚོགས་མི་དང་མཇལ་འཕྲད།

བཀའ་བློན་ཁྲི་པ་མཆོག་ཇར་མན་དུ་ཕེབས་ཏེ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག

2011.11.23

༄༅༎ཕྱི་ཚེས་༢༢གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་སུད་སི་ཁུལ་གྱི་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་སྒྲུབ་ཀྱིས་ཇར་མན་གྲོང་ཁྱེར་སྦར་ལིན་དུ་ཕེབས་ཡོད་པ་དང་ གྲོང་ཁྱེར་སྦར་ལིན་དུ་ཕེབས་མཚམས་ཐོག་མར་བཀའ་ཁྲི་མཆོག་གིས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་ཅིང་ དེ་རྗེས་ཇར་མན་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་ཁང་ཞིག་ཏུ་མགྲོན་འབོད་ལྟར་ཕེབས་ཏེ་ ཇར་མན་གྲོས་ཚོགས་ཀྱི་བོད་དོན་གླེང་མོལ་ཚོགས་ཆུང་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་༡༥ཙམ་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་ ད་ལྟ་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོ་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་ཡོད་པའི་སྐབས་འདིར་ཇར་མན་ཕྱི་སྲིད་ལྷན་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ དེ་བཞིན་ཇར་མན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟེན་པ་དེ་དག་གཞིས་ལུས་བོད་མི་ཚོས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་ཟད་ བོད་མིའི་བདེན་པའི་འཐབ་རྩོད་ལ་འཛམ་གླིང་ཕྱི་ནས་རྒྱབ་སྐྱོར་གནང་བཞིན་པར་བརྟེན་རེ་བ་ཆེན་པོ་ཡོད་ཅེས་བཀའ་ཁྲི་མཆོག་གིས་གཞིས་བཞུགས་སྤུན་ཟླ་ཚོར་བརྗོད་འདོད་ཡོད་སྐོར་གསུང་ཡོད་པ་དང་ཆབས་ཅིག་ཇར་མན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎