རྒྱ་ནག་ནང་ཚོང་འབྲེལ་སྐབས་ཕྱི་གསལ་ནང་གསལ་མེད་པ།

རྒྱ་ནག་ནང་ཚོང་འབྲེལ་བྱེད་པའི་སྐབས་ཕྱི་གསལ་ནང་གསལ་མེད་ལུགས་འཇར་མན་གྱི་བློན་ཆེན་ཞིག་ནས་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ།

2011.01.06

༄༅༎རྒྱ་ནག་ནང་ཚོང་འབྲེལ་བྱེད་པའི་སྐབས་ཕྱི་གསལ་ནང་གསལ་མེད་ལུགས་འཇར་མན་གྱི་བློན་ཆེན་ཞིག་ནས་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

འཇར་མན་གྱི་དཔལ་འབྱོར་བློན་ཆེན་མཆོག་ནས་ཚོང་འབྲེལ་ཚན་པའི་གསར་ལས་ཁང་ཞིག་གི་བཅར་འདྲི་ཞུས་པའི་བཀའ་ལན་དུ་རྒྱ་ནག་ནང་ཕྱིའི་ཡུལ་གྲུ་ཁག་གི་ཚོང་པ་ཚོར་ཚོང་གཉེར་བའི་སྐབས་ཕྱི་གསལ་ནང་གསལ་མེད་པ་དང་། གློ་བུར་དུ་སྒྲིག་གཞི་བཟོས་པ་སོགས་ཀྱི་ཚོང་དོན་ཚན་པ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་རེད་ལ་འཇར་མན་གྱི་ཚོང་པ་ཚོར་ཡང་དེ་ལྟར་གཅིག་མཚུངས་དཀའ་ངལ་འཕྲད་ཀྱི་ཡོད་པ་ཕྲན་རང་རྒྱ་ནག་ལ་འགྲོ་བའི་སྐབས་ཚོང་པ་ཚོས་སྐྱོན་བརྗོད་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་གནད་དོན་དེ་དག་གི་ཐོག་ཡར་རྒྱས་ངེས་པར་དུ་གཏོང་དགོས་ཀྱི་རེད། ཡིན་ནའང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ང་ཚོས་སེམས་འཚབ་ཡོད་པའི་གནད་དོན་རྣམས་འགྲེལ་བརྗོད་བྱེད་པའི་སྐབས་ཉན་འཇོག་ཡག་པོ་བྱེད་ཀྱི་འདུག་ཅེས་གསལ་བཤད་ཀྱང་གནང་ཡོད་པ་རེད། ད་རེས་འཇར་མན་གྱི་བློན་ཆེན་མཆོག་ནས་གསུངས་པའི་གནད་དོན་དེ་ནི་རྒྱ་ནག་གི་སྲིད་བློན་གཞོན་པ་ཁུལ་དེར་འཚམས་གཟིགས་གནང་རྒྱུའི་སྔ་ནུབ་ཏུ་གསུངས་པ་ཞིག་ཡིན་པ་རེད། སྲིད་བློན་གཞོན་པ་ལི་ཀེ་ཆང་མཆོག་འཇར་མན་ལ་ཕེབས་པའི་སྐབས་དཔལ་འབྱོར་བློན་ཆེན་མཆོག་དང་དེ་བཞིན་འཇར་མན་གྱི་སྲིད་བློན་མཆོག་ཀྱང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎