བོད་ཐོག་འཛིན་པའི་སྲིད་ཇུས་བསྒྱུར་བཅོས་དགོས་པའི་འབོད་སྐུལ།

སྐུ་ཞབས་མའར་ཀསི་ལོ་ནིང་ཞུ་བས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་བ།

2012.01.17

༄༅༎ཇར་མ་ནིའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་འགན་འཁུར་བཞེས་མཁན་སྐུ་ཞབས་མའར་ཀསི་ལོ་ནིང་ཞུ་བས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
སྐུ་ཞབས་མའར་ཀསི་ལོ་ནིང་ནི། ཇར་མི་ནིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་དང་མི་ཆོས་འཚོ་མཐུན་ཚན་པའི་འགན་འཛིན་ཡིན་ཞིང༌། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་དེར་བསྐྱར་བཅོས་དང་བསྐྱར་དུ་རྣོ་བསམ་གཏོང་དགོས་པའི་དུས་ལ་བབ་ཡོད་ཅེས་དང༌། བོད་ནང་དུ་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དུ་སྲིད་ཇུས་ལེགས་པོ་ཞིག་ལག་བསྟར་མདུན་བསྐྱོད་བྱ་དགོས་པ། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དད་རང་དབང་གཙོས་པའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ནི། ད་ལྟ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་ལ་མེད་དུ་མི་རུང་བའི་ཐབས་ལམ་ཞིག་རེད་ཅེས་འབོད་སྐུལ་གནང་བ་ཞིག་ཡིན་གཤིས། དེ་ནི་ཁོང་གིས་ཇར་མ་ནི་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པར་གཏམ་བཤད་གནང་བའི་སྐབས་གསུང་པ་ཞིག་ཡིན་པ་རེད། ཇར་མ་ནི་གཞུང་ཕྱོགས་ནས་བོད་ཀྱི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་པ་དེ་དག་ཕྱི་གསལ་ནང་གསལ་བཟོ་དགོས་པའི་སྐོར་རྒྱ་ནག་གཞུང་ལ་བསྐྱར་དུ་ནན་བརྗོད་བྱེད་ཀྱི་ཡོད་ལ། ད་དུང་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོག་ཡོང་བའི་ཆེད་དུ་རྒྱལ་སྤྱིའི་སྲིད་དོན་པ་དང༌། ཕྱི་འབྲེལ་མི་སྣ། གསར་འགོད་པ་སོགས་བོད་ནང་དུ་འགྲོ་བསྐྱོད་ཀྱི་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎