ཇར་མི་ནིའི་སྲིད་བློན་ཕྱི་སོག་ཏུ་འཚམས་གཟིགས།

ཇར་མི་ནིའི་སྲིད་བློན་ལྕམ་ཨེང་གེ་ལ་མར་ཀེལ་མཆོག་ཕྱི་སོག་གི་རྒྱལ་ས་ཨུ་ལན་སྦ་ཏོར་རུ་གཞུང་དོན་འཚམས་གཟིགས་སུ་ཕེབས་འདུག

2011.10.13

༄༅༎ཇར་མི་ནིའི་སྲིད་བློན་ལྕམ་ཨེང་གེ་ལ་མར་ཀེལ་མཆོག་ཕྱི་སོག་གི་རྒྱལ་ས་ཨུ་ལན་སྦ་ཏོར་རུ་གཞུང་དོན་འཚམས་གཟིགས་ཐོག་མ་དེར་ཕེབས་འདུག་པ་དང་ རེས་གཟའ་ཕུར་བུའི་ཉིན་ ཕྱི་སོག་གི་དབུ་འཁྲིད་རྣམ་པ་ཚོ་དང་མཇལ་འཕྲད་གནང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་༎
ལྕམ་མར་ཀེལ་མཆོག་གིས་ད་རེས་ཕྱི་སོག་ནང་གཞུང་དོན་ཕྱོགས་བསྐྱོད་ཕེབས་པ་དེ་ དེ་སྔ་༢༠༠༥ལོར་ ཨ་རིའི་སྲིད་འཛིན་ཇོཇ་ཌབ་ལུ་སྦུཤ་མཆོག་ནས་ཁུལ་དེའི་ནང་གཟིགས་སྐོར་བསྐྱངས་པའི་རྗེས་ འབྱོར་ལྡན་རྒྱལ་ཁབ་བདུན་གྱི་དབུ་འཁྲིད་ཁོངས་ནས་ ཕྱི་སོག་ནང་འཚམས་གཟིགས་གནང་པ་ཐོག་པ་དེ་ཆགས་ཀྱི་ཡོད་འདུག་ ཕྱི་སོག་དེ་བཞིན་རང་བྱུང་གི་གཏེར་ཁ་ཤིན་ཏུ་ཕྱུག་པའི་རྒྱལ་ཁབ་ཡིན་ཡང་ཡུལ་སྲོལ་གོམས་གཤིས་དང་ལྷག་པར་དུ་དེང་དུས་ཀྱི་འཕྲུལ་རིགས་ལག་རྩལ་ཞན་པའི་རྐྱེན་གཏེརལས་བསྔོག་འདོན་དེ་ཙམ་མེད་པ་རེད་ ཉེ་དུས་ཕྱི་སོག་གཞུང་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཔེལ་དང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་ཆེད་ཕྱི་སོག་ནང་ཕྱིའི་ཡུལ་ཁག་གི་གཏེར་ལས་ཚན་པ་ཁག་ནས་ གཏེར་ཁ་བསྔོགས་འདོན་ཆེད་ ཚོང་འབྲེལ་གྱི་སྒོ་མོ་ཕྱེ་རྒྱུའི་སྲིད་ཇུས་གསལ་བསྒྲགས་བྱས་ཡོད་པ་རེད་ ཇར་མི་ནི་གཏེར་ལས་བཟོ་ཚོང་ལས་ཁང་ཚོས་ ཕྱི་སོག་ནང་ཆེས་དཀོན་པའི་མ་བཅོས་རྒྱུ་རྫས་ཀྱི་གཏེར་ཁ་བསྔོགས་འདོན་ཆེད་ཚོང་འབྲེལ་གྱི་འདོད་པ་གསལ་འདོན་བྱེད་བཞིན་ཡོད་ལ་ ཇར་མན་སྲིད་བློན་ཨེང་གེ་ལ་མར་ཀེལ་མཆོག་གིས་ཀྱང་ཕྱི་སོག་ནང་ཆིབས་བསྒྱུར་མ་གནང་གོང་དུ་ཕྱི་སོག་དེ་བཞིན་རང་བྱུང་གཏེར་མཛོད་ལས་ཕྱུག་པའི་རྒྱལ་ཁབ་ཡིན་པ་དང་ གཏེར་འདོན་གྱི་ལས་གཞིའི་ཐོག་རྒྱལ་ཁབ་གཉིས་དབར་ལས་དོན་མཉམ་ལས་བྱ་རྒྱུའི་དམིགས་ས་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་གནང་བཞག མཛད་འཆར་གཞིར་བཟུང་ལྟར་ན་ སྲིད་བློན་མར་ཀེལ་མཆོག་ནས་ཕྱི་སོག་ནང་ཉིན་གཅིག་གི་འཚམས་གཟིགས་འདིའི་ཐོག་ དེ་རིང་ཕྱི་སོག་གི་སྲིད་འཛིན་ཚ་ཀི་ཡ་ཨེལ་སྦར་ཌོརྗ་མཆོག་དང་ དེ་རྗེས་སྲིད་བློན་སུ་ཁ་སྦའ་ཏར་སྦཏ་སྦོལཏ་རྣམ་གཉིས་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎