རྒྱལ་སྤྱིའི་ནང་མི་རིགས་རྩ་བརླགས་སྔོན་འགོག་ལས་དོན་སྐོར།

མཉམ་སྦྲེལ་རྒྱལ་ཚོགས་ནས་ངེས་པར་དུ་མི་རིགས་རྩ་མེད་སྔོན་འགོག་གི་ལས་དོན་ཐོག་ནུས་ཤུགས་ལྡན་པ་ཞིག་འགན་འཁུར་བཞེས་གནང་དགོས།

2008.12.09

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནས་ངེས་པར་དུ་མི་རིགས་རྩ་མེད་སྔོན་འགོག་གི་ལས་དོན་ཐོག་ནུས་ཤུགས་ལྡན་པ་ཞིག་འགན་འཁུར་བཞེས་གནང་དགོས་ཀྱི་རེད་ཅེས་མི་རིགས་རྩ་མེད་སྔོན་འགོག་ལས་དོན་ཚན་པས་དེ་རིང་རེས་གཟའ་མིག་དམར་ཉིན་གསལ་སྟོན་གནང་བཞག

དེ་ཡང་གོང་ཞུས་ཚན་པས་གསུང་ན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ངེས་པར་དུ་རྒྱལ་སྤྱིའི་ནང་མི་རིགས་རྩ་མེད་ཀྱི་ལས་དོན་སྔོན་འགོག་གནང་རྒྱུ་གཙོ་བོར་བཟུང་དགོས་ཤིང་དེའི་ཐོག་གཙོ་བོ་རྒྱལ་ཁབ་འདྲ་མིན་སྣ་ཚོགས་དབར་མཐུན་ལམ་གྱི་ཐོག་ནས་དཀའ་རྙོགས་སེལ་ཐབས་གནང་དགོས་ཀྱི་ཡོད་པ་རེད་ཅེས་འབོད་སྐུལ་གནང་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་དཔེར་ན་འཛམ་གླིང་ནང་མི་རིགས་རྩ་མེད་བཟོ་བའི་ཉེན་ཁ་ཆེ་བའི་རྒྱལ་ཁབ་སུའུ་ཌའན་དང་ཨི་རཁ།པ་ཀི་སི་ཏན།མིཡན་མར་སོགས་ཐོག་དེ་བས་ཀྱི་བློ་འཚབ་ཆེན་པོའི་སྒོ་ནས་སྔོན་འགོག་གི་ལས་དོན་ནུས་པ་ལྡན་པ་ཞིག་སྤེལ་གནང་དགོས་ཀྱི་རེད་ཅེས་དང་འཛམ་གླིང་མཉམ་སྦྲེལ་སྒྲིག་འཛུགས་དེ་གསར་འཛུགས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་དཀའ་རྙོགས་ཅན་གྱི་རྒྱལ་ཁབ་ཁག་ནང་གི་དཀའ་ངལ་སེལ་རྒྱུའི་ཆེད་གསར་འཛུགས་གནང་བ་ཞིག་ཡིན་ལུགས་ཀྱང་གོང་ཞུས་མི་རིགས་རྩ་མེད་སྔོན་འགོག་ལས་དོན་ཚན་པའི་འགན་འཛིན་ལྕམ་ཇིལ་ས་ལྦིཏ་ཡིས་དེ་རིང་རེས་གཟའ་མིག་དམར་ཉིན་གསལ་སྟོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎