ཆབ་སྲིད་བཙོན་ཟུར་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་འདུག


2018.08.22
ཆབ་སྲིད་བཙོན་ཟུར་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ལགས། ༼ཟླ་ཚེས་མི་གསལ ཆབ་སྲིད་བཙོན་ཟུར་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།

མདོ་སྨད་རེབ་གོང་ནས་བོད་དོན་ཆེད་ངོ་རྒོལ་བྱེད་མཁན་ཐོག་མའི་གྲས་ཆབ་སྲིད་བཙོན་ཟུར་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཨ་མདོ་རེབ་གོང་ལྕང་སྐྱ་སྡེ་བ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་དགེ་འདུན་རྒྱལ་མཚན་ལགས་ལ་ལོ་ཤས་གོང་ནས་དབུགས་བསགས་ཀྱི་ན་ཚ་བྱུང་ནས་སྨན་བཅོས་བྱས་ཀྱང་མ་ཕན་པར་༢༠༡༨ ལོའི་ཟླ༤ ཚེས ༢༦ཉིན་དགུང་ལོ་༥༥་ཐོག་འདས་གྲོངས་སུ་གྱུར་འདུག་པ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་སོང་།
དགེ་འདུན་རྒྱལ་མཚན་ལགས་ནི ༡༩༨༧ ལོར་རེབ་གོང་ཁུལ་དུ་བོད་དོན་ཆེད་ལས་འགུལ་སྤེལ་མཁན་ཐོག་མའི་གྲས་ཡིན། ཁོང་གི་སྣེ་ཁྲིད་དེ་རེབ་གོང་རོང་བོ་དགོན་པའི་གྲྭ་བ་ཁ་ཤས་ཀྱིས་རེབ་གོང་བོད་སྐྱོབ་གཞོན་ནུ་ཚོགས་པ་ཞེས་བའི་མིང་ཐོག་ནས་༡༩༨༧་ལོར། ༡༩༥༨ནས་བཟུང་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་ཅི་ཙམ་བསད་པའི་གྲངས་ཀ་དང་། དགོན་པ་གཏོར་བཤིག་བཏང་བའི་གྲངས་ཀ་སོགས་ཀྱི་གནས་ཚུལ་རག་བསྡུས་ཞིག་བྲིས་ཏེ། དགོན་པ་དང་།  སློབ་གྲྭ་སོགས་ལ་འགྲེམས་སྤེལ་བྱས་པ་མ་ཟད། རེབ་གོང་ཁུལ་གྱི་རྩིག་གྱང་སོགས་ལ་སྦྱར། དེ་ནས་ཉིན་ཤས་རྗེས་རེབ་གོང་མི་རིགས་སློབ་འབྲིང་དང་། རྨ་ལྷོ་དགེ་ཐོན་སློབ་གྲྭའི་སློབ་མ། དེ་བཞིན་རོང་བོ་དགོན་པའི་གྲ་བ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་རེད། དེའི་རྗེས་རྒྱ་ནག་ཉེན་རྟོག་པས་སྐབས་དེའི་རོང་བོ་དགོན་པའི་གྲྭ་བ་དགེ་འདུན་རྒྱལ་མཚན་ལགས་དང་། ཁོང་གི་གྲོགས་པོ་ཞིག་འཛིན་བཟུང་བྱས་ནས་ཟླ་དྲུག་རིང་བཀག་ཉར་བྱས་ནས་ཁྲིམས་ཐག་གཅོད་གྲབས་ཡོད་སྐབས། པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་མཚོ་སྔོན་སྤྱི་བདེ་ལས་ཁུང་གི་མགོ་ཁྲིད་ལ་ཐད་ཁར་བཀའ་གནང་སྟེ། ལྕང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཁོང་གི་གྲོགས་པོ་གཉིས་བཙོན་གྲོལ་བྱུང་ནས་ལོ་མང་རིང་རོང་བོ་དགོན་པར་སློབ་གཉེར་གནང་།
སྤྱི་ལོ་༡༩༩༠ ལོར་རྒྱ་གར་དུ་ཕེབས་ནས༧་གོང་ས་མཆོག་མཇལ་བཅར་དང་། རེབ་གོང་སྐྱབས་མགོན་གྱི་ཡང་སྲིད་༧གོང་ས་མཆོག་གིས་ངོས་འཛིན་གནང་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས་འཛིན་བཟུང་བཀག་ཉར་དང་ལྟ་རྟོག་མུ་མཐུད་དུ་བྱས། དེའི་རྗེས་དགོན་པ་ནས་བུད་དེ་མཚོ་སྔོན་མདོ་ལ་རྫོང་ཐོག་ཏུ་བོད་སྨན་ཁང་ཞིག་དང་། གངས་ལྗོངས་གཡུ་ཐོག་སྨན་རྗས་ཚོང་ཁང་ཆེན་མོ་གཉེར་ནས་ནད་པར་ལྟ་སྐྱོང་གིས་མི་སྐྱའི་འཚོ་བ་སྐྱལ་ཡོད་པ་རེད། འདས་པོ་ཁོང་གི་ཤུལ་ལུས་བཟའ་ཟླ་དང་། བུ་ཕྲུག་བུ་མོ་གཉིས་ཡོད་པ་རེད་འདུག
ཁོང་གི་གྲོགས་ཡིན་པའི་ནམ་མཁའ་ལགས་ཀྱིས་དགེ་འདུན་རྒྱལ་མཚན་ལགས་ཀྱི་སྐོར་ལ་རྩོམ་ཡིག་ཞིག་སྤེལ་ཡོད་པའི་ནང་། དགེ་འདུན་རྒྱལ་མཚན་ལགས་ནི་དཔའ་ངར་ལྡན་པའི་སྐྱེས་བུ་ཞིག་ཡིན་ལ། རེབ་གོང་ནས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་བོད་མི་རིགས་ཀྱི་ལ་རྒྱའི་དར་ལྕོག་བསྒྲེངས་མཁན་གྱི་སྐྱེས་བུ་དེ་ཡིན་ཞེས་བྲིས་འདུག

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎