ཀའོ་ཅི་ཤེང་ཤིན་ཅང་དུ་བཙོན་འཇུག་བྱས་ཡོད་པ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐབ་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་ཀའོ་ཅི་ཤེང་ཤིན་ཅང་བཙོན་འཇུག་བྱས་ཡོད་པ།

2012.01.01

༄༅༎རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐབ་རྩོད་ལེན་གནང་མཁན་ཁྲིམས་རྩོད་པ་Gao Zhisheng རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་མི་ལོ་གཉིས་ཙམ་རིང་ལ་གང་དུ་དོ་དམ་བྱས་ཡོད་མེད་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོག་མེད་པར་གྱུར་བ་དང༌། ད་རེས་ཁོང་གིས་བུ་སྤུན་ནས་ཁོང་ནི་རྒྱ་ནག་གི་ལྷོ་ནུབ་ཤིང་ཅང་གི་ནང་དུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཤེས་རྟོག་བྱུང་བ་གསུངས་ཡོད་པ་རེད།
ཁྲིམས་རྩོད་པ་Gao Zhisheng གིས། རྒྱ་ནག་ནང་དུ་རྡུང་རྡེག་ཕོག་པའི་ཡེ་ཤུའི་ཆོས་དད་པ་དང༌། གཏེར་ཁ་སྔོག་འདོན་བྱེད་མཁན་ལས་བཟོ་བ་གཙོས་པའི་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ཡོད་ཅིང༌། འོན་ཀྱང་ཕྱི་ལོ་༢༠༠༩ ལོའི་ཕྱི་ཟླ་གཉིས་པའི་ནང་འཛིན་བཟུང་བྱས་ཡོད་པ་དང༌། དེ་རིང་སྔ་དྲོ་ཁོང་གི་བུ་སྤུན་ལ་ཐག་གཅོད་ཀྱི་ཡིག་གེ་འབྱོར་བྱུང་བའི་ནང་Gao Zhisheng ནི་རྒྱ་ནག་གི་ལྷོ་ནུབ་ཤིང་ཅང་ནང་དུ་ཡོད་པའི་Shaya བཙོན་ཁང་དུ་དོ་དམ་བྱས་ཡོད་པའི་སྐོར་བཀོད་ཡོད་པ་དང༌། ཡིག་གེ་དེ་ནི་པེ་ཅིང་གི་ཁྲིམས་ཁང་ནས་སྤྲད་པ་ཞིག་ཡིན་ལུགས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་འགྱུར་ལས་ཁང་གིས་བཤད་པར་གཞིགས་ན། པེ་ཅིང་གི་ཁྲིམས་ཁང་ནས་Gao Zhisheng གིས་ཚོད་ལྟའི་དུས་ཡུན་རིང་བཙོན་ཁང་གི་སྒྲིག་གཞི་ཐེངས་མང་འགལ་འཛོལ་ཚབས་ཆེ་བྱས་པའི་ཐག་གཅོད་བྱས་པའི་རྗེས་བཙོན་ཁང་དུ་ལོ་གསུམ་གྱི་ཉེས་ཆད་ཐག་གཅོད་བྱས་པའི་སྐོར་བཀོད་སྤེལ་བྱས་པ་ལས། གནས་ཚུལ་དེ་དུས་ག་དུས་བྱུང་ཡོད་མེད་སྐོར་གྱི་དུས་ཚོད་གང་ཡང་བཤད་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎