དགའ་ལྡན་བྱང་རྩེ་སློབ་གྲྭའི་སློབ་ཕྲུག་ཚོས་ཁོར་ཡུག་གཙང་བཟོ།

དགའ་ལྡན་བྱང་རྩེ་སློབ་གྲའི་སློབ་ཕྲུག་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་དགའ་ལྡན་གླིང་གི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་འདུག

2010.07.31

༄༅༎སྤྱི་ཟླ་བདུན་པའི་ཚེས་༢༦ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་དགའ་ལྡན་བྱང་རྩེ་སློབ་གྲའི་སློབ་ཕྲུག་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་དགའ་ལྡན་གླིང་གི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་བར་ས་གནས་དགེ་འདུན་པ་ཚོས་དགའ་བསུ་ཞུས་གནང་ཡོད་པ་རེད་     དགའ་ལྡན་བྱང་རྩེ་སློབ་གྲྭའི་དགེ་འདུན་པ་ཚོས་གསུང་ན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ འགྲོ་བ་མིིའི་ཁོར་ཡུག་གི་བསྒྲགས་གཏམ་ཁ་ནས་བཤད་པ་རྩམ་མ་ཡིན་པར་ལག་ལེན་བསྟར་ཆེད་ ང་ཚོས་མུ་མཐུད་ཟླ་རེའི་ནང་ཐེངས་གཉིས་རེ་དགའ་ལྡན་གླིང་ལ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་རྒྱུ་ཡིན་ལ་ དེ་ནི་རང་དོན་ཡིན་པ་མ་ཟད་སྤྱི་དོན་ཡང་རེད་ རང་ཅག་གི་འཚོ་རྟེན་དུ་གྱུར་བའི་ཁོར་ཡུག་འདི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར་སྣོད་བཅུད་སྲུང་སྐྱོབ་བྱེད་པ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང་ འགྲོ་བ་མིའི་རིགས་ཀྱི་འཚོ་སྡོད་བྱེད་སའི་རང་བྱུང་ཁམས་འདིའི་ཆགས་འཇིག་ཉམ་ང་ནི་ཐད་ཀར་མིའི་རིགསཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དང་ཉམས་རྒུད་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་འཇིག་དང་ནང་བཅུད་ཀྱི་སེམས་ཅན་སྐྱེ་འཆི་ཀུན་ལ་དབང་བསྒྱུར་བའི་བདག་པོའང་རང་བྱུང་ཁམས་འདི་ཉིད་ཡིན་པས་ འདི་ལ་ཚང་མས་བདག་སྐྱོང་མ་བྱས་ན་ ནམ་ཞིག་རང་བྱུང་ཁོར་ཡུག་འདི་འཇིག་ཚེ་མིའི་རིགས་ཀྱི་ཚེ་སྲོག་ཀྱང་དེ་ནས་མཇུག་བསྡུས་ཟིན་པས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་དང་ལས་ཁུངས་ཀྱི་འོས་འགན་ཡིན་པའི་ཁར་ ཁོར་ཡུག་དེ་དང་དེར་འཚོ་སྡོད་བྱེད་པའི་མི་ཚང་མའི་འོས་འགན་ཡང་ཡིན་ དེའི་ཕྱིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ མི་རྣམས་ཀྱི་སྐྱེ་ཁམས་ཀུན་སྤྱོད་དང་ ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གསོ་སྐྱོང་བྱ་དགོས་པའི་ཐད་བཀའ་སློབ་རིམ་པར་ཕེབས་ཡོད་པས་ ང་ཚོས་འདི་དང་འདི་ལྟ་བུའི་ཁོར་ཡུག་གཙང་བཟོའི་ལས་འགུལ་ལ་དགའ་བསུ་དང་དེར་རྒྱབ སྐྱོར་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ཞེས་གསུང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎