བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་G20ཚོགས་འདུ་བསྐོང་བཞིན་པའི་ཐོག་བོད་དོན་གླེང་དགོས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

2023.09.08
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་G20ཚོགས་འདུ་བསྐོང་བཞིན་པའི་ཐོག་བོད་དོན་གླེང་དགོས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། ལྡི་ལི་བསམ་ཡས་གླིང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ནང་བོད་དོན་གླེང་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གི་སྲིད་བློན་ཚོགས་ཆེན་ནང་མཉམ་ཞུགས་བྱས་པར་ངོ་སྒོལ་གྱི་ལས་འགུལ་སྤེལ་བ། ༠༩།༠༨།༢༠༢༣
Reuters Photo

རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་སྤྱི་ཟླ་༩པའི་ཚེས་༩ནས་༡༠བར། འཛམ་གླིང་ཡར་ཐོན་རྒྱལ་ཁབ་G20ཡི་ཚོགས་ཆེན་བསྐོང་གི་ཡོད་པར་བརྟེན། ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ནས་གོ་སྒྲིག་གནང་སྟེ། ཚོགས་འདུ་དེར་རྒྱ་ནག་གི་སྲིད་བློན་ལི་ཆང་གིས་རྒྱ་ནག་གཞུང་གི་ཚབ་བྱས་ནས་ཞུགས་བཞིན་པར། ངོ་རྒོལ་སྐད་འབོད་ཧ་ཅང་ཤུགས་ཆེ་ཞིག་སྤྱི་ཟླ་༩པའི་ཚེས་༨ཉིན་སྤེལ་ཡོད་ཅིང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། ལས་འགུལ་འདི་སྤེལ་དོན་ནི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་བོད་དོན་གླེང་སློང་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པ་སོགས་མཚམས་འཇོག་དགོས་པ། ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར་དུ་བོད་མིས་ལས་འགུལ་མཚམས་འཇོག་མི་སྲིད་པ་སོགས་དོན་ཚན་གསུམ་བཏོན་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གཞུང་གིས་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་ཉིན་ཤས་ནས་བཟུང་སྟེ་ལྡི་ལི་བོད་སྒར་བསམ་ཡས་གླིང་ལ་ཉེན་རྟོག་པས་དམ་དྲག་གནང་ཡོད་པ་མ་ཟད། ཉི་མ་ཁ་ཤས་རིང་རྒྱལ་ས་ལྡི་ལི་ཡོངས་ཀྱི་ཚོང་ཁང་ཆེ་ཁག་དང་ཟ་ཁང་། གློག་བརྙན་ཁང་། མི་མང་འདུ་འཛོམས་དང་འགྲིམ་འགྲུལ་བཅས་མཚམས་འཇོག་གི་བཀའ་རྒྱ་བསྡམས་ཡོད་པ་དང་མཚུངས། ལྡི་ལི་བོད་སྒར་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་མཁན་ཚོ། བསམ་ཡས་གླིང་གི་སྒོ་རྩ་ནས་མ་གཏོགས་འདུ་འཛོམས་གནང་མི་ཆོག་པ་བཟོས་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ཀྱང་སྐད་འབོད་གནང་ས་དེ་གར་མཚམས་འཇོག་གནང་དགོས་ཐུག་ཡོད་ཅིང་། སྐབས་དེར་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། ཚོགས་འདུ་གལ་ཆེན་དེར་རྒྱ་ནག་གཞུང་གིས་ཆ་ཤས་བླངས་ན་མི་འགྲིག་པ་དང་། རྒྱ་ནག་གིས་བོད་ནང་ཉིན་འཁྱོལ་ནའང་མཚན་མི་འཁྱོལ་བའི་བཙན་དབང་བཏང་དང་གཏོང་བཞིན་པ། བོད་ཕྲུག་མང་པོ་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་སོགས་གསལ་སྟོན་གནང་གི་འདུག

2023-09-08T074433Z_483609211_RC2543AJAU61_RTRMADP_3_G20-SUMMIT.JPG

འཛམ་གླིང་ཡར་ཐོན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་ནི་སྤྱི་ལོ་༡༩༩༩ལོ་ནས་མགོ་བཙུགས་ཏེ། ལོ་རེ་བཞིན་རྒྱལ་ཁབ་ཉི་ཤུའི་ཁོངས་གཏོགས་ཀྱི་ས་གནས་ཁག་ཏུ་གནང་བཞིན་པ་དང་། སྔ་ལོ་ལྷན་ཚོགས་དེ་ཧིན་དུའི་ནི་ཤེ་ཡའི་ནང་འཚོགས་སྐབས། དམག་འཁྲུག་མཚམས་འཇོག་གནང་དགོས་པ་ཡུལ་དེའི་སྲིད་འཛིན་ཇོ་ཁོ་ཝི་རྡོ་རྡོ་ལགས་ནས་ཤུགས་ཆེ་གསུངས་ཡོད་ནའང་། ཡོའུ་ཁི་རན་ནང་གི་དམག་འཁྲུག་ད་དུང་ཡང་མཚམས་འཇོག་བྱེད་མ་ཐུབ་པར་ལྷག་ཡོད་པ་མ་ཟད། འདི་ལོར་ཡང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ལྷན་ཚོགས་དེར་ཞུགས་ཀྱི་མེད་པ་དེས། ཚོགས་མི་རྒྱལ་ཁབ་ཕན་ཚུན་བར་བསམ་ཚུལ་ཐ་དད་དང་འགལ་ཟླ་མངོན་གསལ་ཅན་ཡོད་པའི་མཚོན་དོན་རེད་ཅེས། ཆབ་སྲིད་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎