ལི་བི་ཡའི་གྲོགས་པོ་ཞེས་པའི་ཚོགས་འདུ་ཚོགས་འཆར།

ཡུལ་དམག་གིས་འགོ་འཁྲིད་པའི་མ་འོངས་པའི་ལི་བི་ཡའི་གཞུང་ཉམས་གསོ་འབྱུང་ཐབས་སུ་ཚོགས་འདུ་ཞིག་ཚུགས་ཡོད་པ་རེད།

2011.09.01

༄༅༎ལི་བི་ཡའི་གྱེན་ལོག་པ་ཚོས་ག་རྡ་ཕིའི་དཔུང་དམག་ཕམ་ཉེས་བཏང་སྟེ་ལི་བི་ཡ་དབང་དུ་བསྡུས་རྗེས་དེ་རིང་ཕེརན་སིའི་རྒྱལ་ས་པེ་རིསི་རུ་ ཡུལ་དམག་གིས་འགོ་འཁྲིད་པའི་མ་འོངས་པའི་ལི་བི་ཡའི་གཞུང་ཉམས་གསོ་འབྱུང་ཐབས་སུ་ཡོ་རོབ་ཡུལ་གྲུ་ཁག་གིས་རྒྱབ་གཉེར་བྱེད་ཕྱོགས་གྲོས་བསྡུར་བྱ་རྒྱུར་ལི་བི་ཡའི་གྲོགས་པོ་ཞེས་མིང་བཏགས་པའི་ཚོགས་འདུ་ཞིག་ཚུགས་ཡོད་པ་རེད།

ཚོགས་འདུ་དེའི་ནང་འདས་པའི་ཟླ་བ་དྲུག་རིང་ལི་བི་ཡའི་གྱེན་ལོག་དམག་འཐབ་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་གྱི་ཡུལ་གྲུ་ཚོ་དང་ ཡང་གྱེན་ལོག་དམག་འཐབ་ལས་འགུལ་ལ་རྒྱབ་སྐྱོར་རྩ་བ་ནས་མི་བྱེད་མཁན་གྱི་ཡུལ་གྲུ་ཁག་ཅིག་ཀྱང་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག།

ལི་བི་ཡའི་གྲོགས་པོ་ཞེས་པའི་ཚོགས་འདུ་དེ་ཕེརན་སིའི་སྲིད་འཛིན་ ནི་ཀོ་ལསི་ སར་ཀཱོ་ཛི་དང་ དབྱིན་ཇིའི་སྲིད་བློན་ཌེ་ལྦིདྲ་ཀེ་མ་རུན་ཟུང་འབྲེལ་གྱི་ཐོག་ནས་གཙོ་སྐྱོང་གནང་རྒྱུ་ཡིན་འདུག་ཅིང་ ཁོང་རྣམ་གཉིས་ནས་ལི་བི་ཡའི་རྒྱལ་ཡོངས་བར་བརྒལ་ལྷན་ཚོགས་ཀྱི་འགོ་འཁྲིད་ཚོ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཕེབས་པར་དགའ་བསུའི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན་འདུག།

ཁྱོན་བསྡོམས་རྒྱལ་ཁབ་ ༦༠ ཙམ་གྱི་འགོ་འཁྲིད་དང་ཕྱི་སྲིད་བློན་ཆེན་ཚོགས་ཞུགས་གནང་རྒྱུའི་ཚོགས་འདུ་དེ་ནི་མཚོན་དོན་གལ་ཆེ་ཞིག་ཡིན་པར་མ་ཟད་ དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཀྱང་ཚོགས་འདུ་གལ་ཆེ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།  ཚོགས་འདུ་དེས་ག་རྡ་ཕིས་འདས་པའི་ལོ་ངོ་ ༤༢ རིང་ལི་བི་ཡ་་སྲིད་དབང་གཅིག་སྡུད་ཀྱི་ངོ་བོའི་ཐོག་ནས་བཟུང་བའི་དུས་ཡུན་མཇུག་བསྒྲིལ་བ་མཚོན་པར་མ་ཟད་ བར་སྐབས་ནུབ་ཕྱོགས་ཡུལ་གྲུ་མང་པོ་ཞིག་གིས་ལི་བི་ཡའི་མཁར་དབང་དང་དངུལ་འབོར་ཆེན་པོ་ཞིག་བེད་སྤྱོད་བྱེད་མི་ཆོག་པ་བཟོས་ཡོད་པའི་དམ་བསྒྲཌ་ཕྱིར་བསྡུ་བྱེད་ཕྱོགས་སྐོར་ཡང་གྲོས་བསྡུར་བྱེད་རྒྱུ་ཡིན་པ་རེད།

ཨ་མི་རི་ཀ་གཅིག་པུའི་ནང་ག་རྡ་ཕིའི་དངུལ་ཨ་སྒོར་ཌོ་ལར་ཐེར་འབུམ་ ༣༧ ཙམ་ཡོད་པའི་ཐོག་དམ་བསྒྲཌ་བྱས་ཡོད་ལ་ དེ་བཞིན་དབྱིན་ཡུལ་གྱི་ནང་ དབྱིན་ཇིའི་སྒོར་མོ་ཐེར་འབུམ་ ༡༢ ཙམ་དང་ ཕེརན་སིའི་ནང་ཡུ་རོ་ཐེར་འབུམ་འགའ་ཤས་ཐོག་དམ་བསྒྲཌ་བྱས་ཡོད་པ་རེད།

ལི་བི་ཡའི་གྱེན་ལོག་གི་རྒྱལ་ཡོངས་བར་བརྒལ་ལྷན་ཚོགས་ཀྱི་འགོ་འཁྲིད་ཚོས་ ལི་བི་ཡའི་གཞུང་གསར་འཛུགས་བྱེད་རྒྱུར་འཕྲལ་དུ་ཨ་རིའི་ཌོ་ལར་ཐེར་འབུམ་ལྔ་ཙམ་དགོས་ལུགས་བརྗོད་བཞིན་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎