༸གོང་ས་མཆོག་ཕེ་རན་སིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད།

༸གོང་ས་མཆོག་དང་ཕེ་རན་སིའི་གྲོས་ཚོཌ་གོང་མའི་འཐུས་མི་རྣམས་མཇལ་འཕྲད་གནང་སྐབས་གསར་འགོད་པ་ཕེབས་མི་ཆོག་པའི་ཐག་གཅོད།

2008.08.12

༄༅༎ཟླ་བ་འདིའི་ཕྱི་ཚེས་༡༣ ཉིན་ཕེ་རན་སིའི་རྒྱལ་ས་པེ་རིསི་སུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བའི་སྐབས་གསར་འགོད་པ་ཕེབས་མི་ཆོག་པའི་ཐག་གཅོད་ལ་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་གྲོས་ཚོགས་གོང་མའི་ཚོགས་གཙོར་གནད་དོན་དེར་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕེ་རན་སི་ཡུལ་དུ་ཆིབས་བསྒྱུར་གྱིས་གཟའ་འཁོར་གཉིས་རིང་འཚམས་འདྲིར་སྐྱང་གནང་རྒྱུ་ཡིན་པ་དང་ དེ་རིང་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་གསུང་ན། ཕེ་རན་སི་གྲོས་ཚོགས་གོང་མའི་ཚོགས་གཙོས་ཕེ་རན་སི་གྲོས་ཚོགས་ཀྱི་འཐུས་མི་དང་༸གོང་ས་ཏཱ་ལའི་བླ་མ་གཉིས་མཇལ་འཕྲད་གནང་བའི་སྐབས་གསར་འགོད་པ་གཏོང་རྒྱུ་མིན་པའི་ཐག་གཅོད་དེ་ནི་རྒྱ་ནག་གཞུང་ལ་དགའ་པོ་ཡོང་རྒྱུའི་ཆ་རྐྱེན་འཕར་མ་ཞིག་སྐྲུབ་ཐབས་བྱེད་པའི་ཐག་གཅོད་ཞིག་ཡིན་པའི་སྐྱོན་བརྗོད་གནང་ཡོད་པ་རེད། གསར་འགོད་པ་ཁག་ཅིག་གིས་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པར་གྲོས་ཚོགས་གོང་མའི་གསར་འགོད་ལས་ཁུངས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་རྣམས་མཇལ་འཕྲད་གནང་རྒྱུའི་གལ་འགངས་ཆེ་བའི་མཛད་འཆར་དེའི་སྐབས་གསར་འགོད་པ་བཀག་འགོག་བྱེད་པའི་གནས་སྟངས་སྙན་གསེང་ཞུས་ཡོད་པ་རེད།

ཕེ་རན་སི་ནང་གི་བོད་དོན་རྒྱབ་སྐྱོར་ཞུ་མཁན་དང་བོད་མི་ཚོས་ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ མཆོག་ལ་༸གོང་ས་མཆོག་ཕེ་རན་སི་ནང་གཟའ་འཁོར་གཉིས་རིང་ཆིབས་བསྒྱུར་གནང་བའི་རིང་ངེས་པར་དུ་མཇལ་འཕྲད་ཞུ་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན་ ཕེ་རན་སིའི་རྒྱལ་ས་པེ་རིསི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཕེ་རན་སིའི་སྲིད་འཛིན་གྱིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་ཡིན་ཚེ་ ཕེ་རན་སི་དང་རྒྱ་ནག་ཡུལ་གྲུ་གཉིས་བར་གྱི་འབྲེལ་བར་ཚབས་ཆེའི་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བར་བརྟེན་ནས་སྲིད་འཛིན་སར་ཀོ་ཛི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་དང་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐག་གཅོད་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎