བོད་མི་བཞིར་བསྔགས་བརྗོད་ཀྱི་བྱ་དགའ།

རྒྱལ་ཁབ་བཅུ་དགུ་ཙམ་གྱི་རྩོམ་བྲིས་པ་དང་གསར་འགོད་པ་མི་གྲངས་༤༡ཙམ་ལ་Hellman-Hammentt Grant ཞེས་པའི་བྱ་དགའ་ཐོབ་ཡོད་པའི་ཁོངས་བོད་མི་བཞི་ཡོད་པ་རེད་འདུག

2012.12.20

༄༅།    །ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་དོན་ལྟར་ན།  གོང་ཞུས་བྱ་དགའ་ཐོབ་པའི་རྒྱལ་ཁབ་བཅུ་དགུ་ཙམ་ནས་ཡིན་པའི་རྩོམ་བྲིས་པ་དང་གསར་འགོད་པ་ཚོས་བཙོན་འཇུག་དང་། རང་ཉིད་ལས་ཀ་ཤོར་བའི་ཉེན་ཁར་མ་འཛེམས་པར་སྤྱི་ཚོགས་ཐོག་དངོས་ཡོད་གནས་ཚུལ་གསལ་སྟོན་བྱེད་ཀྱི་ཡོད་པར་བསྔགས་བརྗོད་ཞུ་ཆེད་བྱ་དགའ་ཕུལ་བ་ཞིག་ཡིན་པ་བརྗོད་འདུག   རྒྱལ་ཁབ་བཅུ་དགུ་ཙམ་གྱི་རྩོམ་བྲིས་པ་དང་།  དྲ་རྒྱའི་ཐོག་རྩོམ་བྲིས་གནང་མཁན། དེ་བཞིན་གསར་འགོད་པ་སོགས་བྱ་དགའ་ཐོབ་མཁན་དེ་དག་ནང་། རྒྱ་ནག་ནང་ནས་མི་གྲངས་བཅུ་གཉིས་ལ་བྱ་དགའ་དེ་ཐོབ་ཡོད་པ་དང་།  ད་དུང་བོད་མི་རྩོམ་པ་པོ་བཞི་ལ་ཡང་ད་རེས་ཀྱི་བྱ་དགའ་དེ་ཐོབ་ཡོད་པ་རེད།     ཡིན་ནའི་ཁོང་རྣམ་པའི་བདེ་འཇགས་ཀྱི་ཆེད་བོད་མི་བྱ་དགའ་ཐོབ་མཁན་དེ་དག་གི་མཚན་ཕྱིར་འདོན་གནང་མེད་པ་རེད།   འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱིས་བརྗོད་དོན་ལ།  གོང་ཞུས་བྱ་དགའ་ཐོབ་པའི་རྒྱ་ནག་གི་རྩོམ་པ་པོ་དེ་དག་ཚང་མ་གཞུང་ཕྱོགས་ནས་བཙོན་འཇུག་དང་ བཀག་ཉར་བྱེད་མྱོང་ཡོད་པས་མ་ཟད། དེའི་སྐབས་ཁོང་ཚོར་འཇིགས་སྐུལ་སོགས་ཀྱི་དཀའ་ངལ་མང་པོ་ཕྲད་མྱོང་ཡོད་ཅིང་།  དེ་དག་ནང་ནས་ད་དུང་མི་བདུན་བཙོན་ཁང་ནང་ཡོད་མུས་ཡིན་འདུག  Hellman ཞེས་པ་ནི་ཨ་རིའི་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཞིག་ཡིན་པ་དང་།  ཁོང་མཚན་ཐོག་གོང་ཞུས་བྱ་དགའ་དེ་ཆེད་བཙུགས་གནང་བ་ཞིག་ཡིན་ཞིང་།  བྱ་དགའ་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་གྱིས་རྐྱེན་པས་རྡུང་འདེགས་དང་དཀའ་ངལ་ཕྲད་པའི་རྩོམ་པ་པོ་ཚོར་གནང་གི་ཡོད་པ་དང་།  བྱ་དགའ་དེར་མ་དངུལ་ཨ་སྒོར་ཁྲི་གཅིག་གནང་གི་ཡོད་པ་དང་།  འདས་པའི་ལོ་ངོ་ཉི་ཤུ་རྩ་གསུམ་རིང་ཐེབས་རྩ་དེས་རྒྱལ་ཁབ་༩༢ཙམ་ནང་གི་རྩོ་པ་པོ་༧༥༠ཙམ་ལ་བྱ་དགའ་དེ་གནང་མྱོང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎