འབར་མ་མང་གཙོ་ཚོགས་པའི་ཚོགས་གཙོ་གློད་འགྲོལ་ཡོང་ཐབས།

འབར་མའི་མང་གཙོ་ཚོགས་པའི་ངོས་ནས་ཚོགས་གཙོ་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་སུ་མུ་མཐུད་ནས་འབད་བརྩོན་གནང་གི་ཡིན་གསུངས་འདུག

2008.09.24

༄༅༎འབར་མའི་མང་གཙོ་ཚོགས་པའི་ངོས་ནས་ཚོགས་གཙོ་ལྕམ་ཨང་སན་སུ་ཅི་མཆོག་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་སུ་མུ་མཐུད་ནས་འབད་བརྩོན་གནང་གི་ཡིན་གསུངས་འདུག

ཉེ་ཆར་འབར་མའི་དྲག་པོའི་སྲིད་གཞུང་ནས་བཙོན་པ་སྟོང་ཕྲག་འགའ་ཤས་ཉེས་ཡང་ཆེད་གློད་བཀྲོལ་གཏོང་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་པའི་ཁོངས་སུ་མང་གཙོ་ཚོགས་པའི་ཆབ་སྲིད་བཙོན་པ་བདུན་ཙམ་ཡང་ཡོད་པ་རེད། ལྷག་པར་དུ་དེའི་ཁོངས་སུ་ལོ་ངོ་ཉི་ཤུའི་རིང་བཙོན་བཅུག་བྱས་པའི་མང་གཙོ་ཚོགས་པའི་གསར་འགོད་པ་དང༌། མང་གཙོ་དོན་གཉེར་བ་ལྦིན་ཀྲིན་ཡང་ཡོད་པ་རེད་ ཁོང་ནི་དེ་སྔ་ཕྱི་ལོ་༡༩༨༩ལོར་འབར་མའི་ནང་མང་གཙོའི་སྒེར་ལངས་བྱུང་བའི་སྐབས་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅིར་སློབ་སྟོན་ཕུལ་མཁན་དང༌། སྐབས་དེའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་སྐུ་ཚབ་ལ་ཞུ་སྙན་ཕུལ་བའི་ཉེས་བཙུགས་འོག་འཛིན་བཟུང་གིས་ལོ་ངོ་ཉི་ཤུའི་ཁྲིམས་བཅད་ཕོག་པ་ཞིག་ཡིན་པ་རེད།

འབར་མའི་གསར་འགོད་མཐུན་ཚོགས་དང༌། ཕེ་རན་སིར་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་གཉིས་ནས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང༌། ང་ཚོས་ལྦིན་ཀྲིན་ལ་ནག་ཉེས་མེད་པའི་འཐབ་རྩོད་རིམ་པ་བྱས་ཡོད་པར་བརྟེན་ད་ཆ་ཁོང་གློད་བཀྲོལ་ཐོབ་པར་བློ་བདེ་པོ་བྱུང་སོང༌། འོན་ཀྱང་ཁོང་གློད་བཀྲོལ་ཐོབ་པའི་རྗེས་སུའང་མང་གཙོ་དང་རང་དབང༌། གསར་འགོད་རང་དབང་སོགས་ལ་མུ་མཐུད་ནས་ལས་དོན་སྤེལ་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད། མང་གཙོ་ཚོགས་པའི་ངོས་ནས་ཆབ་སྲིད་བཙོན་པ་ཁག་ཅིག་གློད་བཀྲོལ་བཏང་བར་དགའ་བསུ་ཞུས་པ་དང་ཆབས་ཅིག་ཚོགས་གཙོ་ཨང་སན་སུ་ཅི་མཆོག་ཀྱང་གང་མགྱོགས་རང་དབང་ཐོབ་པའི་འཐབ་རྩོད་མུ་མཐུད་བྱེད་ཀྱི་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎