ཕ་རན་སི་ནས་བོད་ཀྱི་གྲོང་གསེབ་གཅེས་སྐྱོང་གནང་རྒྱུ།

ཕ་རན་སི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ ལ་ཝོར་ ཞེས་པའི་ནང་ཕ་རན་སིའི་གྲོང་སྡེ་ལས་ཁུངས་དྲུག་གིས་བོད་དང་གཞན་བཅས་ཀྱི་གྲོང་གསེབ་དྲུག་ལ་གཅེས་སྐྱོང་གནང་རྒྱུའི་ཐག་གཅོད་བྱུང་བའི་མཛད་སྒོ་ཚོགས་ཡོད།

2012.10.05

༄༅།    །ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་ཕ་རན་སི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ Lavaur ཞེས་པའི་ནང་ཕ་རན་སིའི་གྲོང་སྡེ་ལས་ཁུངས་དྲུག་གིས་བོད་དང་གཞན་བཅས་ཀྱི་གྲོང་གསེབ་དྲུག་ལ་གཅེས་སྐྱོང་གནང་རྒྱུའི་ཐག་གཅོད་བྱུང་བའི་མཛད་སྒོ་ཚོགས་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
མཛད་སྒོའི་ཐོག ཕ་རན་སིའི་གྲོང་ཁྱེར་དྲུག་དང་། གྲོང་སྡེ་ལས་ཁུངས་གཉིས་ཀྱི་སྤྱི་ཁྱབ་པ་རྣམས་ཆེད་ཕེབས་གནང་ཐོག བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་། ཕ་རན་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་རྣམས་གཉིས་སྐུ་མགྲོན་དུ་ཕེབས་ཡོད་པ་རེད། གཅེས་སྐྱོང་གནང་སའི་བོད་ཀྱི་གྲོང་གསེབ་ཁག་དང་། གཅེས་སྐྱོང་གནང་མཁན་ཕེརན་སི་གྲོང་ཁྱེར་དྲུག་པོ་དེ་དག་ནི་  Lavelanet-de-Comminges ཞེས་པས་བོད་ཀྱི་སྣར་ཐང་གྲོང་ཁྱེར་ལ་གཅེས་སྐྱོང་གནང་རྒྱུ་དང་།  Gensac-sur-Garonne ཞེས་པའི་གྲོང་ཁྱེར་ནས་བོད་ཀྱི་དགའ་གདོང་གྲོང་གསེབ་ལ་གཅེས་སྐྱོང་གནང་རྒྱུ།    Bax ཞེས་པའི་གྲོང་ཁྱེར་གྱིས་རོང་ཞེས་པའི་བོད་ཀྱི་གྲོང་གསེབ་ལ་གཅེས་སྐྱོང་གནང་རྒྱུ།  Carbonne ཞེས་པའི་གྲོང་ཁྱེར་ནས་བོད་ཀྱི་སྣ་དཀར་རྩེ་ལ་གཅེས་སྐྱོང་གནང་རྒྱུ།  Latrape ཞེས་པའི་གྲོང་ཁྱེར་ནས་རི་ཝོ་ཆེ་ལ་གཟིགས་རྟོག་གནང་རྒྱུ།  Mailholas ཞེས་པའི་གྲོང་ཁྱེར་ནས་རྡོ་རྗེ་གླིང་ལ་གཅེས་སྐྱོང་གནང་རྒྱུ་བཅས་གཏན་འཁེལ་གནང་བཞག

ཕ་རན་སིའི་གྲོང་ཁྱེར་དེ་དག་གིས་བོད་ཀྱི་གྲོང་གསེབ་ཁག་ལ་གཟིགས་རྟོགས་གནང་རྒྱུའི་དགོས་དམིགས་གཙོ་བོ་ནི། རྒྱ་ནག་གཞུང་གིས་སྲིད་བྱུས་འོག་རིམ་བཞིན་བོད་དེ་བཞིན་རྒྱ་ཡུལ་དུ་འགྱུར་རྒྱུའི་ཉེན་ཁ་ལས་སྐྱོབ་ཐབས་ཆེན་ཡིན་པ་གསལ་འདོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎