རྒྱ་ནག་གི་འགོ་ཁྲིད་མཉམ་བོད་དོན་སོགས་གླེང་དགོས་བའི་འབོད་སྐུལ།


2019.11.05
ཧྥ་རན་སིའི་སྲིད་འཛིན་(Macron)་དང་རྒྱ་ནག་གི་སྲིད་འཛིན་ཞེ་གཉིས་ཐུག་འཕྲད་སྐབས། ༢༠༡༩།༡༡།༥ ཧྥ་རན་སིའི་སྲིད་འཛིན་(Macron)་དང་རྒྱ་ནག་གི་སྲིད་འཛིན་ཞེ་གཉིས་ཐུག་འཕྲད་སྐབས། ༢༠༡༩།༡༡།༥
AFP

ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་ནང་འཚམས་གཟིཊ་རིང་རྒྱ་ནག་གི་འགོ་ཁྲིད་མཉམ་བོད་དང་ཤར་ཏུ་ཀི་སི་ཐན་སོཊ་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་འདུག
ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ནང་ཉིན་གསུམ་རིང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་བཞིན་པའི་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ལ་བོད་དང་། ཤར་ཏུ་ཀི་སི་ཐན། ཧོང་ཀོང་། རྒྱ་ནག་བཅས་པའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་དགོས་རྒྱུའི་གླེང་སློང་གནང་དགོས་པའི་མཉམ་རུབ་ཀྱི་འབོད་སྐུལ་གནང་འདུག
དེ་ཡང་ཧྥ་རན་སིའི་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་མཆོག་རྒྱ་ནག་ལ་གདན་ཞུ་གནང་བ་བཞིན་ཧྥ་རན་སིའི་སྲིད་འཛིན་མཆོག་སྤྱི་ཟླ་༡༡་པའི་ཚེས་༤་ནས་༦་བར་གྱི་ཉིན་གྲངས་གསུམ་རིང་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་གནང་བར་ཕེབས་ཡོད་སྟབས། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིང་དང་དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་མི་སྣ་ཚོ་དང་མཇལ་འཕྲད་སྐབས། བོད་དང་། ཤར་ཏུ་ཀི་སི་ཐན། ཧོང་ཀོང་རྒྱ་ནག་བཅས་པའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་རྒྱུའི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཆེད། འདི་ཚེས་༥་ཉིན། བོད་མི་དང་། ཤར་ཏུ་ཀི་སི་ཐན། ཧོང་ཀོང༌གི་དམངས་གཙོ་དོན་གཉེར་བ་དང་། རྒྱ་ནག་གི་ཡེ་ཤུའི་ཆོས་བྱེད་པ་བཅས་མཉམ་རུབ་ཀྱི་ཐོག་ནས་གསར་འགོད་གསལ་བསྒྲགས་སྤེལ་བ་བརྗོད་བྱུང་།
ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གྱི་བརྒྱུད་རིམ་ནང་། ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་། དེ་ནས་རིམ་བཞིན་རྒྱལ་ས་པེ་ཅིང་ལ་སོགས་པར་ཕེབས་རྒྱུའི་འཆར་གཞི་ཡོད་པ་དང་། ཕྱི་ཚེས་༦་ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིང་དང་དེ་བཞིན་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་མོལ་གནང་རྒྱུ་ཡིན་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎