ཕ་རན་སིའི་སྲིད་འཛིན་ལ་འབོད་སྐུལ།


2013.04.25
ཕ་རན་སིའི་སྲིད་འཛིན་སྐུ་ཞབས་Hollande མཆོག
ཝི་ཀི་པི་ཌི་ཡ།

༄༅།    །ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ André Gattolin དང། སྐུ་ཞབས་ Noel Mamère མཆོག དེ་བཞིན་སྐུ་ཞབས་ Jean Patrick Gille བཅས་ཀྱིས་རིང་མིན་ཕ་རན་སིའི་སྲིད་འཛིན་སྐུ་ཞབས་Hollande མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་བར་ཕེབས་སྐབས་  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་རྒྱ་ནག་ནང་དང་།    ལྷག་པར་བོད་དང་ཤིང་ཅང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་དགོས་པས་མ་ཟད། བོད་དང་ཤིང་ཅང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་སེམས་འཚབ་ཆེན་པོ་ཡོད་པའི་རྣམ་པ་གསལ་བཏོན་དགོས་པའི་སྐོར་འབོད་སྐུལ་ཡང་ཞུས་འདུག  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན།    གོང་གསལ་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱིས་ཕ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་གནད་དོན་དེའི་སྐོར་གསུང་དོན་དུ་ཕ་རན་སི་དང་རྒྱ་ནག་དབར་ཚོང་འབྲེལ་དང་ཕྱོགས་གཉིས་ཀྱི་གཞུང་འབྲེལ་ལས་ཁུངས་དབར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཡིན་པ་ནི་རྩོད་མེད་ཅིག་ཆགས་ཡོད་ཀྱང་།     ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་འཛེམས་ཟོན་བྱེད་མི་དགོས་པར་གུ་ཡངས་དང་བསམ་ཤེས་ཐུབ་པའི་ཁོར་ཡུག་ཅིག་གི་འོག་ལས་དོན་སྤེལ་དགོས་ན།  རྒྱ་ནག་ནང་གྲངས་ཉུང་མི་རིགས་ཚོའི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་སྣང་མེད་དུ་འཇོག་ཐབས་མེད་ཅེས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎