ཕེ་རན་སིའི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་རྒྱུ།

ཕེ་རན་སིའི་སྲིད་བློན་ཕ་རན་ཁོའེ་ཕི་ལཱོན་ཟླ་བ་འདིའི་ཟླ་མཇུག་ཙམ་དུ་རྒྱ་ནག་ནང་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།

2009.12.13

༄༅༎ཕེ་རན་སིའི་སྲིད་བློན་ཕ་རན་ཁོའེ་ཕི་ལཱོན་ཟླ་བ་འདིའི་ཟླ་མཇུག་ཙམ་དུ་རྒྱ་ནག་ནང་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད་བཞག

རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་ཇི་ལྟར་གདན་ཞུ་བྱས་པ་ལྟར་ཕེ་རན་སིའི་སྲིད་བློན་ཕ་རན་ཁོའེ་མཆོག་གི་གཙོ་ཁྲིད་བྱས་པའི་ཕེ་རན་སིའི་ཚོང་དོན་གྱི་དབུ་ཁྲིད་ཁག་ཟླ་བ་འདིའི་ཚེས་ཉི་ཤུ་ནས་ཉི་ཤུ་གཉིས་ཉིན་གསུམ་རིང་རྒྱ་ནག་ཏུ་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་གནང་ཏེ་ཡུལ་གྲུ་གཉིས་དབར་གྱི་སྲིད་བློན་རྣམ་གཉིས་ཕན་ཚུན་མཇལ་འཕྲད་གནང་བའི་ཐོག་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་གནང་རྒྱུའི་ལས་དོན་ཁག་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ཅེས་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་གསལ་སྟོན་གནང་བཞག ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་རྒྱ་ནག་གི་ཨོ་ལིམ་པིག་སྒྲོན་མེ་ཕེ་རན་སིའི་ནང་སྐོར་བསྐྱོད་བྱས་པའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་གོང་ཞུས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་ཐོག་གནོད་འཚེ་བྱུང་ཡོད་པ་རེད་ལ་དེ་ནས་རིམ་བཞིན་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སཱར་ཀོ་ཛི་མཆོག་གིས་ཕེ་རན་སིའི་རྒྱལ་ས་པེ་རི་སི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་རྗེས་རྒྱ་ནག་དང་ཕེ་རན་སིའི་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བ་དེ་བས་ཀྱིས་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། དེ་ནས་ཟླ་བ་བཞིའི་ཙམ་གྱི་རྗེས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་འབྱོར་ལྡན་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་ཕེ་རན་སིའི་སྲིད་འཛིན་སཱར་ཀོ་ཛི་རྣམ་གཉིས་མཇལ་འཕྲད་གནང་བའི་རྗེས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་པ་རེད་ཅེས་རྒྱ་ནག་གཞུང་འབྲེལ་གསལ་སྟོན་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎