འོས་བསྡུའི་ལས་དོན་བཀག་འགོག་དང་མི་བཞི་འཇུ་བཟུང་།


2014.08.25
ཡུལ་མི་ཞིག་གིས་Macauམང་མོས་འོས་བསྡུའི་ལས་དོན་གྱི་ཁྱབ་བསྒྲགས་སྤེལ་བཞིན་པ། ༢༠༡༤།༨།༢༤ ཡུལ་མི་ཞིག་གིས་Macauམང་མོས་འོས་བསྡུའི་ལས་དོན་གྱི་ཁྱབ་བསྒྲགས་སྤེལ་བཞིན་པ། ༢༠༡༤།༨།༢༤
AFP

Macauནང་ཉེན་རྟོག་པས་མི་དམངས་ཀྱི་མང་མོས་འོས་བསྡུའི་ལས་དོན་བཀག་འགོག་དང་མི་བཞི་འཇུ་བཟུང་བྱས་ཡོད་པ་རེད།
དེ་ཡང་Macauའམ་ཨའུ་མན་ས་གནས་མི་དམངས་ཚོར་ཁོང་ཚོའི་འོས་བསྡུའི་ལམ་ལུགས་བསྒྱུར་བཅོས་གཏོང་རྒྱུར་མི་དམངས་ཀྱི་མང་མོས་རྒྱབ་སྐྱོར་ཐོབ་ཐབས་སུ་རྒྱ་ནག་གཞུང་གི་རྣོ་ངར་ཆེ་བའི་སྐྱོན་བརྗོད་བརྩི་མེད་དུ་བཏང་སྟེ། མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་པའི་འོས་བསྡུའི་ལས་འགུལ་སྤེལ་ཐབས་བྱས་ཡོད་ཀྱང་། འོས་ཤོག་འཕེན་ཡུལ་ས་ཆ་ཁག་འགའ་ཤས་གོ་སྒྲིག་བྱས་པའི་ཁར་འོས་ཤོག་འཕེན་པར་བསྐྱོད་མ་ཐུབ་མཁན་ཚོར་དྲ་རྒྱའི་ཐོག་ནས་འཕེན་ཐུབ་པའི་ཆ་རྐྱེན་སྐྲུན་ཡོད་ཀྱང། འོས་བསྡུའི་ལས་དོན་གོ་སྒྲིག་གནང་མཁན་Jason Choa ཡིས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ། འོས་ཤོག་འཕེན་པར་བསྐྱོད་མཁན་མི་དམངས་ཉེན་རྟོག་པས་བཀག་འགོག་བྱས་པ་དང། དྲ་རྒྱའི་ཐོག་ནས་འོས་ཤོག་འཕེན་གྱི་ཡིན་ཟེར་མཁན་ཚོའི་རྩིས་འཁོར་བཙན་འཕྲོག་བྱས་པ། ད་དུང་འོས་ཤོག་འཕེན་པའི་ལས་དོན་འགོ་བཙུགས་པའི་སྐབས་ཉེན་རྟོག་པས་ལས་འགུལ་སྤེལ་མཁན་མི་བཞི་འཛིན་བཟུང་བྱས་ཡོད་ཅིང། ཁོང་ཚོ་རྒྱུ་མཚན་ག་རེ་ལ་བརྟེན་ནས་འཛིན་བཟུང་བྱས་པ་ཡིན་པའི་གནས་ཚུལ་ཞིབ་ཕྲ་བཤད་མེད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། Jason Choaཡི་འགོ་ཁྲིད་པའི་མི་དམངས་ཀྱི་འོས་བསྡུའི་ལས་དོན་དེ་ནི་ཕྱི་ཟླ་བརྒྱད་པའི་ཚེས་༣༠ བར་གཟའ་འཁོར་གཅིག་རིང་འཕེན་རྒྱུའི་དུས་ཚོད་གཏན་འབེབས་བྱས་ཏེ། ཕྱི་ཚེས་༣༡ ཉིན་Macauཡི་ཚོགས་མི་༤༠༠ བྱས་པའི་ཚོགས་ཆུང་ནས་མ་འོངས་པའི་Macau ཡི་འགོ་ཁྲིད་གསར་པ་མིང་འདོན་བྱེད་པའི་གོང་འདིར་དམངས་གཙོ་དོན་གཉེར་ཅན་ཚོས། མ་འོངས་པའི་Macauཡི་འགོ་ཁྲིད་བསྐོ་བཞག་གི་ལམ་ལུགས་དེར་བསྒྱུར་བཅོས་གཏོང་རྒྱུར་མི་དམངས་ཀྱི་རྒྱབ་སྐྱོར་ངེས་ཅན་ཞིག་ཐོབ་རྒྱུའི་རེ་བ་བཅངས་ཡོད་ཀྱང་ད་ལྟའི་འཆར་ཁོང་ཚོའི་འོས་བསྡུའི་ལས་དོན་དེ་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་མིན་ཐེ་ཚོམ་ཐོག་གནས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎