རྒྱ་ནག་ལའོ་ཉིང་ཞིང་ཆེན་དཔོན་རིགས་ཤིག་ལ་སྲོག་ཐོག་ཉེས་ཆད།
2011.01.30
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་མི་དམངས་འབྲིང་རིམ་ཁྲིམས་ཁང་ཨང་གཉིས་པས། ལའོ་ཉིང་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སུང་ཡུང་ལ་ཁྲིམས་བཤེར་གྱིས་ཉེས་ཆད་ཐག་གཅོད་བྱས་པ་དང༌། ལོ་ན་༥༦ཡིན་པའི་སུང་ཡུང་ཡི་ནག་ཉེས་ནི། ཕྱི་ལོ་༢༠༠༠ནས་༢༠༠༩བར་དུ་ལའོ་ཉིང་ས་གནས་གཞུང་དང་ཞིང་ཆེན་གྱི་འཐུས་ཚོགས་ཀྱི་ལས་འགན་བྱེད་པའི་རིང་ལྐོག་ཟ་རུལ་སུང་དང་ལྐོག་ངན་ལེན་ཏེ། མི་སྒེར་ལ་རོགས་པ་བྱས་པ་དང། ཡང་གཞུང་གི་ལས་ཀ་བོག་མ་སྤྲད་པ་དང༌། དངུལ་འབུན་གཏོང་བ། གོ་གནས་སྤར་བ་སོགས་བྱས་ཏེ། དེའི་ཐོག་ནས་ལྐོག་ངན་རྒྱ་མིའི་སྒོར་མོ་ས་ཡ་༡༠གྲངས་ཆུང་༢ལེན་ཏེ། ཁོང་གི་གོ་གནས་བེད་སྤྱོད་ལོག་པར་བཏང་བའི་ཉེས་གསག་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ཁོང་གི་ནག་ཉེས་ནི་ཧ་ཅང་གི་ཚབས་ཆེན་པོ་ཞིག་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་ཁྲིམས་ཁང་ནས་ཁོང་ལ་སྲོག་ཐོག་གི་ཉེས་ཆད་ལོ་གཉིས་བར་དུས་ཚོད་འགྱངས་བཅད་བྱས་ཡོད་པ་དེ་ནི། ཁོང་གིས་རང་སྐྱོན་ངོས་ལེན་བྱས་པ་དང༌། ནག་ཉེས་འདྲི་ཞིབ་བྱེད་པ་མཉམ་ལས་བྱས་པ། ཁྲིམས་འགལ་གྱི་དངུལ་འབོར་རྩིས་སྤྲོད་བྱས་པ་སོགས་ཁྲིམས་འགལ་བྱས་པའི་གནས་ཚུལ་མཁོ་སྤྲོད་བྱས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་ཡོད་པ་རེད།།