ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་འདུག

2021.08.28
ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་འདུག ཆབ་སྲིད་བཙོན་ཟུར་བ་དོན་གྲུབ་རྡོ་རྗེ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་གནང་བའི་གནས་ཚུལ་ནང་ ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ལྷ་ཀླུ་ས་ཁུལ་ནས་ཡིན་ཞིང་། དམ་པ་ཁོང་དགུངས་ལོ་༧༤ཡིན་འདུག་ལ ཁོང་གདས་གྲོངས་སུ་ཕེབས་པའི་རྒྱུ་རྐྱེན་ཁ་གསལ་མིན་འདུག་ཀྱང་ གནས་ཚུལ་འབྱུང་ཁུངས་ཞིག་ནས་དམ་པ་ཁོང་གི་རྐང་པར་རྨས་སྐྱོན་བྱུང་ཡོད་པ་གསུངས་འདུག དོན་གྲུབ་རྡེ་རྗེ་ལགས་རྒྱ་ནག་གི་Minzu མི་རིགས་སློབ་གྲྭ་ཆེ་མོ་ནས་བསླབ་པ་མཐར་སོན་བྱུང་རྗེས་ ༡༩༨༩ལོར་ལྷ་ས་ཁུལ་གནམ་གཤིས་ལས་ཁུངས་ནང་ལས་ཞུགས་གནང་ དེ་ནས་༡༩༩༡ལོར་བོད་ནག་ཆུ་ཁུལ་གྱི་གནམ་གཤིས་ལས་ཁུངས་ཀྱི་འགན་འཛིན་གཞོན་པར་བསྐོ་བཞག་བྱུང་ཡོད་འདུག གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་དམ་པ་དོན་གྲུབ་རྡོ་རྗེ་ལགས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཡང་ བོད་མིའི་ཐོབ་ཐང་རྩོད་ལེན་ཆེད་ཞལ་གསང་གནང་མཁན་ཞིག་དང་ལྷག་པར་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱ་གཞུང་ནས་རྩེ་སྲུང་བྱེད་པའི་གནད་དོན་གླེང་སློང་གནང་མཁན་ཞིག་ཡིན་འདུག ༡༩༩༢ལོའི་ཕྱི་ཟླ་༥པའི་ཚེས་༡༩ཉིན་དོན་གྲུབ་རྡེ་རྗེ་ལགས་དང་བོད་མི་གཞན་ཞིག་ལ་རྒྱ་ནག་གཞུང་ནས་གསར་རྗེ་གྱེན་ལོག་པའི་ཉེས་མིང་འོག་དོ་དམ་འཛིན་བཟུང་བྱས་སྟེ་ལོ་དེའི་ཕྱི་ཟླ་༧པའི་ཚེས་༢༣ཉིན་ཁོང་ལ་ལོ་བཞིའི་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་ དེ་རྗེས་ལྷ་ས་ཁུལ་གྱི་དགུ་རྩ་དང་སི་ཋོརུ་དོ་དམ་བཀག་ཉར་ཁང་ནས་ལོ་གཉིས་དང་ཟླ་བ་བརྒྱད་རིང་བཙོན་དུས་རྗེས་མཐར་༡༩༩༥ལོའི་ཕྱི་ཟླ་༡པོའི་ཚེས་༡༨ཉིན་བཙོན་གྲོལ་ཐོབ་ཡོད་པ་རེད བཙོན་ཁང་ནས་གློད་གྲོལ་བྱུང་རྗེས་དོན་གྲུབ་རྡེ་རྗོ་ལགས་ནས་ལས་གནས་སུ་སྐྱར་གསོ་འབྱུང་ཐབས་ཀྱི་འབད་རྩོན་སྟུད་མར་གནང་ཡོད་ཀྱང་ ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་རྐྱེན་གྱིས་ལྡུམ་རའི་ནང་མེ་ཏོག་འདེབས་ལས་ཀྱི་ལས་ཀའི་གོ་སྐབས་ཙམ་ལས་བྱུང་མེད་ཅིང་ ༡༩༩༥ལོར་ལས་གནས་དེ་ནས་ཀྱང་ཕྱིར་འབུད་བཏང་ནས་མཐར་ཨར་ལས་ཀྱི་ལས་ཀ་གནང་ཡོད་འདུག དམ་པ་དོན་གྲུབ་རྡེ་རྗེ་ལགས་དང་འབྲེལ་མྱོང་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཞིག་གི་གསུངས་ན དོན་གྲུབ་རྡེ་རྗེ་ལགས་སུ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ནང་འབྲེལ་བ་ཡོད་ནག་ཉེས་བཙུགས་ཏེ་ཐོག་མར་༡༩༧༡ལོའི་ཕྱི་ཟླ་༩པའི་ནང་ལོ་བཅུའི་རིང་བཙོན་དུས་ཁྲིམས་ཐག་ཕོག་པ་དང་ ཁོང་འདས་གྲོངས་སུ་གྱུར་བའི་རྗེས་ཁོང་གི་ཤུལ་ལུས་ནང་མིའི་ཁོངས་སུ་བོད་ནང་ཁོང་གི་སྐུ་ཟླ་དང་ཕྲུ་གུ་བོུ་གཉིས་ཡོད་པའི་ནང་ནས་གཅིག་ད་ལྟ་བོད་ནང་ཡོད་པ་དང་གཞན་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཙོན་ཟུར་ལ་ལྟ་སྐྱོང་གི་ལས་གཞིའི་འོག་ཨོས་ཀྲེ་རི་ལི་ཡའི་རྒྱལ་ཁབ་ནང་གནས་བཞུགས་ཡོད་པ་གསལ་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎