བོད་ནང་ཕྱིའི་གསར་འགོད་པ་བསྐྱོད་རྒྱུར་མུ་མཐུད་ནས་དམ་དྲག་ཡོད་པ།


2016.04.28
ལྷ་སའི་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ། ལྷ་སའི་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ།
པར་ཚགས།

བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་བསྐྱོད་རྒྱུར་མུ་མཐུད་ནས་དམ་དྲག་ཡོད་པའི་སྙན་ཐོ་བཏོན་འདུག
དེ་ཡང་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་ཀྱིས་སྙན་ཐོ་བཏོན་པའི་ནང་། ཕྱི་ལོ་༢༠༡༥་ལོར་རྒྱ་ནག་གཞུང་ནས་བཀའ་འཁྲོལ་འོག་ཕྱི་རྒྱལ་གསར་འགོད་པ་ཉུང་ཤས་ཞིག་བོད་ནང་བསྐོར་བསྐྱོད་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་ནང་། ད་ལྟའང་རང་དབང་དང་ལྷུག་པོའི་ཐོག་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུ་དང་། བོད་ནང་བསྐྱོད་རྒྱུར་ཡང་དམ་དྲག་ཡོད་མུས་ཡིན་ལུགས་བཀོད་འདུག
ཡང་གོང་ཞུས་སྙན་ཐོ་དེའི་ནང་། ཕྱི་རྒྱལ་གསར་འགོད་པ་བོད་ནང་སུ་གཏོང་དགོས་མིན་གྱི་དབྱེ་འབྱེད་བྱས་པ་དང་། གལ་སྲིད་བོད་ནང་བསྐྱོད་རྒྱུར་ཆོག་མཆན་ཐོབ་པ་ཡིན་ནའང་དེ་དག་གི་འགུལ་བསྐྱོད་ལ་དམ་དྲག་བྱས་ནས་གང་བྱུང་འགྲོ་མི་ཆོག་པ་བཟོས་པ་དང་། ཡང་ན་གང་བྱུང་སྐད་ཆ་བཤད་མི་ཆོག་པ་བཟོས་ནས་གང་ལྟར་བསྐྱོད་པ་ཙམ་མ་གཏོགས་རང་དབང་ལྡན་པའི་ཐོག་ནས་གནས་ཚུལ་མཁོ་སྒྲུབ་བྱེད་མི་ཆོག་པའི་དམ་དྲག་ཤུགས་ཆེ་བྱས་པའི་གནས་ཚུལ་ཡོང་གི་ཡོད་ལུགས་བསམ་ཚུལ་བཏོན་འདུག།
དམིགས་བསལ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ལ་འགྲོ་རྒྱུར་དམ་དྲག་དེ་བས་ཆེ་བ་ཡོད་པའི་གནས་ཚུལ་བཀོད་འདུག གོང་དུ་ཞུས་པའི་བསམ་ཚུལ་བསྡུ་ལེན་དེ་བཞིན་པེ་ཅིང་ལ་ཡོད་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་༣༥༡་ཡོད་པའི་ཁོངས་ནས་ཚོགས་མི་༡༧༧་ལ་འདྲི་རྩད་བྱས་པའི་བསམ་ཚུལ་ཡིན་འདུག
ཡང་གོང་ཞུས་བསམ་ཚུལ་བཏོན་མཁན་ནང་བརྒྱ་ཆ་དགུ་ཙམ་མ་གཏོགས་གསར་འགོད་པ་ཚང་མས། བོད་ནང་གི་གནས་སྟངས་ཤེས་འདོད་གནང་བས་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་བོད་ནང་ཕེབས་པའི་སྐབས་རྒྱ་ནག་རང་ཉིད་ཀྱི་དཔོན་རིགས་ཕྱི་རྒྱལ་ལ་འགྲོ་བའི་སྐབས་གསར་འགོད་པ་ཁྲིད་ཀྱི་ཡོད་པ་ནང་བཞིན་ཕྱི་རྒྱལ་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་གསར་འགོད་པ་བོད་ནང་མཉམ་དུ་ཁྲིད་ཆོག་པའི་ཆ་རྐྱེན་བཟོ་དགོས་ལུགས་ཀྱང་བསམ་ཚུལ་བཏོན་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎