པེ་ཅིན་དུ་བོད་ཀྱི་འགྲེམས་སྟོན་ཟེར་བའི་དུས་སྟོན།

རྒྱ་ནག་གི་རྒྱལ་སར་ཚོགས་བཞིན་པའི་བོད་ཀྱི་འགྲེམས་སྟོན་ཟེར་བའི་དུས་སྟོན་ཐོག་ཕྱི་རྒྱལ་སྐུ་ཚབ་མི་སྣ་༡༠༠ལྷག་གཟིགས་པར་ཕེབས་འདུག

2011.06.28

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་བོད་ཀྱི་འགྲེམས་སྟོན་ཟེར་བའི་དུས་སྟོན་ཐོག་ཕྱི་རྒྱལ་སྐུ་ཚབ་མི་སྣ་༡༠༠ལྷག་གཟིགས་པར་ཕེབས་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༦༠ འཁོར་བའི་དུས་ཆེན་ཟེར་བ་སྲུང་བརྩི་བྱེད་པར་པེ་ཅིང་དུ་བོད་ཀྱི་འགྲེམས་སྟོན་ཟེར་བ་འགོ་བཙུགས་ཡོད་ཅིང༌། འགྲེམས་སྟོན་དེའི་ནང་དུ། འདས་པའི་མི་ལོ་༦༠ རིང་རྒྱ་ནག་གུང་ཁྲན་ཏང་གིས་འགོ་ཁྲིད་འོག་བོད་ནང་སྤྱི་ཚོགས་དང༌། རིག་གཞུང༌། ཆབ་སྲིད། དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་བཏོན་ཐབས་ཀྱི་འདྲ་པར་ལྔ་བརྒྱ་ལྷག་དང༌། རྩ་ཆེའི་རིག་དངོས་༣༠ བརྙན་འཕྲིན་སོགས་འགྲེམས་སྟོན་བྱས་ཡོད་པ་རེད། འགྲེམས་སྟོན་དེར་གཟིགས་པར་ཕེབས་མཁན་གྲས་སུ་ཨི་རག་གི་གཞུང་ཚབ་པས། རྒྱ་ནག་གཞུང་གིས་བོད་ནང་འོས་བསྡུའི་ལས་དོན་དང༌། འཕྲོད་བསྟེན་ལྟ་སྐྱོང༌། སློབ་གསོའི་ལས་དོན་སོགས་ཀྱི་ཐོག་ལ་ཡར་རྒྱས་བཏང་ཡོད་ལུགས་བཤད་ཡོད་ཅིང༌། དེ་བཞིན་ཨི་ཀྲ་ལི་གཞུང་ཚབ་པས། ས་གནས་མི་དམངས་ཀྱི་རིན་ཐང་ལྡན་པའི་རིག་གཞུང་ལ་བརྩི་བཀུར་བྱ་དགོས་པ་གལ་འགངས་ཆེན་པོར་གཟིགས་ཀྱི་ཡོད་ཅེས་དང༌། ང་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་དམངས་ཚོས་བོད་ཀྱི་ས་ཁུལ་ནི་ཧ་ཅང་གི་རྙོགས་དྲ་ལྡན་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། གལ་ཏེ་ནུབ་ཕྱོགས་པ་ཚོ་བོད་ནང་གཟིགས་སྐོར་དུ་གང་མང་གཏང་བ་ཡིན་ཚེ། བོད་ཀྱི་གནས་སྟངས་ཤེས་རྟོགས་ཡོང་རྒྱུ་ཡིན་པ་གསུང་ཡོད་པ་རེད། པེ་ཅིང་དུ་ཚོགས་བཞིན་པའི་བོད་ཀྱི་འགྲེམས་སྟོན་ཟེར་བ་དེ་ནི། ཕྱི་ཟླ་དྲུག་པའི་ཚེས་༡༥ ནས་འགོ་བཙུགས་ཏེ།  ཕྱི་ཟླ་བདུན་པའི་ཚེས་༨ བར་ཉིན་གྲངས་༢༣ རིང་སྒོ་ཕྱེ་རྒྱུ་དང༌། འགྲེམས་སྟོན་དེ་ནི་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང༌། དབུས་གཞུང་གི་དྲིལ་བསྒྲགས་ལས་ཁང༌། བསྒྱུར་བཅོས་ལྷན་ཁང༌། གྲངས་ཉུང་མི་རིགས་ལས་དོན་ཁང༌། བོད་རང་སྐྱོང་ས་གནས་སྲིད་གཞུང་ཟེར་བ་དང༌། ཤིང་ཧྰ་གསར་འགྱུར་ལས་ཁང་བཅས་བཟུང་འབྲེལ་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང༌། ད་དུང་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་བོད་ཀྱི་རྒྱལ་ས་ལྷ་སར་འགྲེམས་སྟོན་དེ་གོ་སྒྲིག་བྱ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎