རུས་ཐལ་ཆུ་ནང་གཏོར་དགོས་བྱུང་བ།


2013.09.30
རུས་ཐལ་ཆུ་ནང་བཏོར་དགོས་བྱུང་བ། དེ་རིང་བོད་མདོ་སྨད་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་སྒོ་མང་ཡུལ་ཚོའི་སྒོ་མང་མཐའ་བའི་ཞི་ཆུང་ཞུ་བས་རང་ལུས་མེ་སྲེག་བཏང་ཡོད་པ།
ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས།

༄༅།།ཕྱི་ཚེས་༢༨་ཉིན་རང་ལུས་མེར་བསྲེག་བཏང་མཁན་ཞི་ཆུང་ལགས་ཀྱི་སྐུ་ཕུང་གི་རུས་ཐལ་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་བཙན་དབང་གིས་རྔ་བ་རྗོང་དུ་ཡོད་པའི་ཆུའི་ནང་བཏོར་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
དེ་ཡང་གནས་ཚུལ་དངོས་སུ་མཐོང་མཁན་གྱི་བོད་མི་ཞིག་གིས་གསུངས་པ་ལྟར། ཚངས་དབྱངས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ས་གནས་མི་མང་པོས་ཁོང་གི་སྐུ་ཕུང་བདག་གཉེར་བྱེད་པར་ས་གནས་སུ་ཡོད་པའི་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཀྱང་། ས་གནས་མང་ཚོགས་བཀག་མ་ཐུབ་པར་འདས་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་འདུག སྐབས་དེར་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་བཙན་ཁྱེར་བྱེད་པར་དོགས་ནས་སྐུ་ཕུང་ནང་དུ་བཞག་རྗེས། སྒོ་བརྒྱབ་ནས་ཕྱི་ལོག་ནས་སྲུང་ཡོད་ཀྱང་། ཅུང་ཙམ་གྱི་རྗེས་སུ་ཉེན་རྟོག་དྲག་ཆས་དམག་མི་ ༡༠༠ ལྷག་འབྱོར་ནས་མང་ཚོགས་ལ་མེ་མདའ་གཏད་པ་དང་སྐབས་དེར་ཞི་ཆུང་གི་ཆུང་མ་ བ་ལོས་ ངུ་འབོད་བྱེད་བཞིན་ཁོང་གི་སྐུ་ཕུང་ལ་འཐམ་ནས་མ་བཏང་བར། ཆུང་མ་བ་ལོ་ཡང་མཉམ་དུ་བཙན་ཁྲིད་བྱས་འདུག། འོན་ཀྱང་ཁོང་ཁ་སང་ཕྱི་ ཚེས་ ༢༩ ཉིན་ཕྱིར་ནང་དུ་བཏང་ཡོད་འདུག དེ་ནས་ཁ་སང་་ཕྱི་ཟླ་༩པའི་ཚེས་ ༢༩ ཉིན་གྱི་དགོང་མོར་རྫོང་ནས་ཁོང་གི་རུལ་ཐལ་ལེན་པར་ཡོང་དགོས་པའི་བརྡ་འབྱོར་བར་ཇོ་ནང་བསེ་དགོན་པའི་གྲྭ་བ་ཁག་ཅིག་དང་། ཞི་ཆུང་དམ་པ་དེ་ཉིད་ཀྱི་སྤུན་མཆེད་ཁག་ཅིག་རྗོང་ཐོག་ཏུ་རུས་ཐལ་ལེན་པར་སྐྱོད་སྐབས། རྫོང་གི་དཔོན་པོ་དང་། ཉེན་རྟོག་ལས་ཁུངས་ནས་ཁོ་རང་ཚོས་རིགས་ས་ནས་རུས་ཐལ་ཆུ་ལ་གཏོར་བའམ། ས་འོག་ཏུ་བཅུག་པ་གང་རུང་བྱེད་དགོས་ཚུལ་ཀྱི་བཙན་བཀའ་བཏང་བ་དང་། རུས་ཐལ་ནང་དུ་ཁུར་མ་ཐུབ་པར་རྔ་བ་རྫོང་གི་ཉེ་འཁྲིས་སུ་ཡོད་པའི་རྔ་ཆུར་མི་འདོད་བཞིན་དུ་རུས་ཐལ་བཏོར་དགོས་བྱུང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎