འཛམ་གླིང་ནང་ཟ་འབྲུའི་རིན་གོང་མུ་འཐུད་འཕར་བ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སྐྱོ་བའི་ནང་ཟ་བཅའི་ཉེན་ཁར་གཟིགས་ཀྱི་ཡོད་པ་གསུང་ཡོད་པ་རེད།

2011.06.07

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ན་ཟ་འབྲུའི་རིན་གོང་མུ་མཐུད་མཐོ་པོར་གནས་པ་དང༌། ༢༠༡༢ ནང་རིན་གོང་མི་བརྟན་པའི་གནས་སྟངས་མུ་མཐུད་བྱུང་ཚེ་འཛམ་གླིང་གི་རྒྱལ་ཁབ་སྐྱོ་བའི་ནང་ཟ་བཅའི་ཉེན་ཁར་གཟིགས་ཀྱི་ཡོད་པ་གསུང་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཨི་ཀྲ་ལིའི་རྒྱལ་ས་རཱོམ་དུ་རྟེན་གཞི་བྱེད་པའི་ཟ་བཅའ་དང་སོ་ནམ་ལས་ཁང་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ཕྱི་ཟླ་ལྔ་པའི་ནང་ཁོང་ཚོའི་ཟ་བཅའི་རིན་གོང་འཕར་མའི་བརྒྱ་ཆ་༢༣༢ ཟིན་ཡོད་པ་དེ་ནི་ཕྱི་ཟླ་བཞི་པའི་ནང་རིན་གོང་བརྒྱ་ཆ་༢༣༥ ཟིན་པ་དང་བསྡུར་ན། ཕྱི་ཟླ་ལྔ་པའི་ནང་ཕྲན་བུ་མར་ཆགས་ཡོད་ཀྱང༌། ད་དུང་༢༠༡༠ ལོའི་ཕྱི་ཟླ་ལྔ་པ་དང་བསྡུར་ན་ད་དུང་ཡང་བརྒྱ་ཆ་༣༧ འཕར་ཡོད་པ་བརྟེན། དེ་ལྟར་ཟ་འབྲུའི་རིན་གོང་མཐོ་པོ་དང༌། སོ་ནམ་ཐོན་སྐྱེད་ཀྱི་རིན་གོང་བརྟན་པོར་མ་གནས་པར་ཡར་མར་འཕར་ཆགས་སུ་གནས་ཚེ་མ་འོངས་པའི་ལོ་ཟླ་དེ་དག་ནང་མུ་མཐུད་ཟ་བཅའི་རིན་གོང་གི་དཀའ་ངལ་ཐོག་གནས་སྲིད་པ་མ་ཟད། དེ་ཡི་ཤུགས་རྐྱེན་༢༠༡༢ ལོར་ཐེབས་རྒྱུའི་ཉེན་བརྡ་བཏང་གནང་ཡོད་པ་རེད། ད་དུང་ལས་ཁང་དེ་གསུར་པར་གཞིགས་ན། སྤྱི་ཡོངས་ཀྱི་ཟ་བཅའ་དང་སོ་ནམ་ཐོན་སྐྱེད་ཀྱི་གནས་སྟངས་ནི་འཛམ་གླིང་གི་ཟ་བཅའི་རིན་གོང་དང་འབྲེལ་བ་དམ་ཟབ་གནས་ཡོད་པ་བཞིན་ཟ་བཅའི་རིན་གོང་ནི་མུ་མཐུད་མཐོ་པོར་གནས་བཞིན་ཡོད་པར་བརྟེན། དེ་ཡིས་འཛམ་གླིང་ནང་གི་ཡོང་འབབ་དམའ་བའི་རྒྱལ་ཁབ་ནང་ཟ་བཅའི་རིན་གོང་དང་ཡོང་འབབ་གཉིས་གབ་མི་མཐུན་པའི་ཉེན་ཁ་བཟོ་བ་ཡིན་ཞིང། ༢༠༡༡ ནང་རྒྱལ་སྤྱིའི་ཟ་འབྲུ་ནང་འདྲེན་བྱས་པའི་རིན་གོང་ནི་ཨ་རིའི་ཊོ་ལར་ས་ཐེར་འབུམ་གཅིག་དང་གྲངས་ཆུང་༢༩ ཐོབ་ཏེ། ༢༠༡༠ ལས་བརྒྱ་ཆ་༢༡ ཀྱིས་མང་བ་ཟིན་ཡོད་པར་བརྟེན། འཛམ་གླིང་གི་དཔལ་འབྱོར་ཡོང་འབབ་དམའ་བ་དང་ཡར་རྒྱས་མེད་པའི་རྒྱལ་ཁབ་དེ་དག་ནང་ནང་འདྲེན་བྱེད་པའི་ཟ་བཅའི་རིན་འབབ་ལ་བརྒྱ་ཆ་༢༧ ནས་༣༧ ཙམ་མང་བ་འགྲོ་གྲོན་གཏོང་དགོས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎