༧གོང་ས་མཆོག་གིས་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་ལ་ཐུཊ་གསོ།


2014.09.11
རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་ནང་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ ༢༠༡༤།༩ རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་ནང་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ
དྲ་བཤུས།

༧གོང་ས་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོའི་གསུང་འཕྲིན་བཏང་ནས་ཚེ་སྲོག་ཤོར་བ་ཚོར་ཐུགས་སྨོན་གནང་འདུག
རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་ནང་ཆར་ཤུགས་ཧ་ཅང་ཆེན་པོ་བྱུང་ནས་ཁུལ་དེར་ཡོད་པའི་Jhelum ཞེས་པའི་གཙང་ཆུ་ལུད་ནས་ཆུ་ལོག་བརྒྱབ་ཏེ་མི་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། སྡོད་ཁང་དང་། སྨན་ཁང་། ས་ཞིང་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེ་ཕོག་པར་ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Omar Abdullah མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་གནང་འདུག དེ་ཡང་༧གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་། ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་ཐུགས་ཕམ་མཛད་བཞིན་པ་དང་། ལྷག་པར་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་མཛད་པ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་གནང་བ་དང་སྦྲགས་ཏ་ལའི་བླ་མའི་ཐེབས་རྩ་ཁང་ནས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཆུ་ལོག་ངལ་སེལ་བརྒྱུད་ཞལ་འདེབས་གསོལ་སྩལ་གནང་འདུག དེ་བཞིན་ཇ་མུ་ཀ་ཤི་མིར་མངའ་སྡེའི་གཞུང་གིས་ཆུ་ལོག་ནང་ཚུད་པའི་ཡུལ་མི་རྣམས་ལ་མྱུར་སྐྱོབས་ལས་འགུལ་དང་། གོད་ཆག་ཕོག་པ་རྣམས་ལ་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་རྒྱ་ཆེ་གནང་བཞིན་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་ཀྱང་གནང་འདུག
ཉེ་ཆར་ཕྱི་ཟླ་༩ཚེས་༧རེས་གཟའ་སྤེན་པའི་མཚན་མོ་ཇ་མུ་ཀ་ཤི་མིར་ནང་ཆར་པ་ཤུགས་ཆེ་འབབ་པའི་རྐྱེན་གྱིས་རེས་གཟའ་ཉི་མའི་ཐོ་རངས་ལ་ཁུལ་དེར་ཡོད་པའི་གཙང་ཆུ་ལུད་ནས་ཆུ་ལོག་བརྒྱབ་སྟེ་ཤི་རི་ཎ་སྒར་གྱི་གྲོང་གསེབ་ཕལ་ཆེ་བ་ཆུ་ལོག་འོག་ཚུད་པ་དང་། མི་མང་པོ་ཞིག་ཀྱང་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། དེ་ནི་མི་ལོ་༦༠ཙམ་ཀྱི་རྗེས་སུ་ཁུལ་དེར་ཆུ་ལོག་ཆེན་པོ་དེ་འདྲ་བརྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་དེ་འདྲ་ཕོག་པ་ཐོག་མ་དེ་ཡིན་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎