འཕྲིན་ལས་ཀྱི་འཚོ་བའི་གནས་སྟངས་སྔར་བཞིན་སྐྱོ་བོ་ཡོད་འདུག

རྒྱལ་སྤྱིའི་གློག་བརྙན་ལེགས་གྲས་སུ་ཚུད་པའི་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དེ་བཞིན་སྐད་གྲགས་ཆེན་པོ་བྱུང་ཡང་། འཁྲབ་སྟོན་མི་སྣ་གཙོ་གྲས་འཕྲིན་ལས་ཀྱི་འཚོ་བའི་གནས་སྟངས་སྔར་བཞིན་སྐྱོ་བོ་ཡོད་འདུག

2012.10.01

2000ལོའི་ Oscar ཞེས་པའི་ཕུལ་བྱུང་གློག་བརྙན་གྱི་གཟེངས་རྟགས་སྤྲོད་ཡུལ་ཕྱི་རྒྱལ་གློག་བརྙན་ལེགས་ཤོས་ཀྱི་འོས་གཞིའི་ནང་སླེབས་པའི་ Himalaya ཞེས་པའི་བལ་བོད་ས་མཚམས་ སྒྲོལ་པོའི་སྐོར་གྱི་གློག་བརྙན་དེ་བཞིན་སྐད་གྲགས་ཆེན་པོ་བྱུང་ཡོད་པ་དང༌། གློག་བརྙན་འཁྲབ་ཁྲིད་པ་Erie Valli ལ་གློག་བརྙན་བཟོ་སྒྲིག་གི་ལས་རིགས་ཐད་ལམ་ལྷོང་ཆེན་པོ་བྱུང་ཡོད་ནའང༌། གློག་བརྙན་དེའི་ནང་འཁྲབ་སྟོན་བྱེད་མཁན་རྒས་པོ་འཕྲིན་ལས་ལགས་ཀྱི་འཚོ་བའི་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང༌། ད་ཆ་ཁོང་ལོ་གྲངས་༧༡ལ་སླེབས་ནས་གནས་སྟངས་སྔར་བཞིན་སྐྱོ་པོ་ཡོད་པ་རེད།

བལ་ཡུལ་ནུབ་བྱང་ས་མཚམས་དོལ་པོ་ཁུལ་དུ་ཉེ་དུས་ཆོས་ཕྱོགས་ཀྱི་དུས་ཆེན་ཞིག་གི་སྐབས་ཕ་རེན་སི་གསར་ལས་ཁང་གི་གསར་འགོད་པ་ཞིག་འཕྲིན་ལས་ལྷུན་གྲུབ་བླ་མ་ཐུག་འཕྲད་བྱུང་འདུག། ༡༩༩༩ལོར་བཟོ་སྒྲིག་བྱས་པའི་གློག་བརྙན་ཧི་མ་ལ་ཡའི་ནང་གི་འཁྲབ་སྟོན་པ་ལྟེ་བ་རྒས་པོ་འཕྲིན་ལས་ལགས་ཀྱིས་གསར་འགོད་པར། གློག་བརྙན་མ་འཁྲབ་གོང་དང་། ད་ལྟའི་བར་ཁོང་གི་འཚོ་བའི་གནས་སྟངས་སྔར་བཞིན་གཅིག་པ་ཡིན་པར་འགྱུར་བ་གང་ཡང་ཕྱིན་མེད་དོལ་པོ་ཁུལ་དེང་སྐབས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འབྱོར་གྱི་ཡོད་པ་ཚོས་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་བརྒྱུད་འཕྲིན་ལས་ངོ་ཤེས་ཀྱི་ཡོད་སྟབས། སྤྲོ་འཆམ་པ་ཚོས་ཁོ་རང་དང་མཉམ་དུ་པར་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ནའང༌། ལྷུན་གྲུབ་ལགས་ཀྱིས་ང་ལ་པར་རྒྱབ་ནས་ཁོང་ཚོར་ཁེ་ཕན་ཆེ་བ་ཡོད་པ་ལས། ཁོ་རང་ནི་སྔར་བཞིན་གནས་སྟངས་སྐྱོ་པོ་ཡིན་པ་བཤད་འདུག

༡༩༩༩ལོར་བཟོ་སྒྲིག་པར་ལེན་བྱས་པའི་གློག་བརྙན་ཧི་མ་ལ་ཡར་ ༢༠༠༠ལོའི་Oscar ཕུལ་བྱུང་གློག་བརྙན་གཟེངས་རྟགས་ཀྱི་ཕྱི་རྒྱལ་གློག་བརྙན་མཚན་པའི་བྱ་དགའི་འོས་གཞི་ནང་ཚུད་ཡོད་པ་དང༌། གློག་བརྙན་དཔྱད་ཞིབ་གནང་མཁན་ཚོས་གློག་བརྙན་དེ་སྐད་གྲགས་ཡོང་བ་བཟོ་མཁན་གློག་བརྙན་དེའི་ནང་གཡག་དེད་མཁན་གྲོང་གསེབ་གྱི་འགོ་པ་འཁྲབ་མཁན་འཕྲིན་ལས་ཀྱི་འཁྲབ་སྟངས་དེ་རང་བཞིན་ཞིག་རང་ཡོད་པར་བསྔགས་བརྗོད་གནང་ཡོད་པ་རེད། རྒས་པོ་འཕྲིན་ལས་འཁྲབ་མཁན་ལྷུན་གྲུབ་ལགས་ཀྱིས་ གློག་བརྙན་འཁྲབ་པའི་རིང་དེར་ཁོང་ལ་ཉིན་རེའི་གླ་ཆ་བལ་ཡུལ་སྒོར་མོ་༣༠༠ རེ་ཡོད་པ་དང། ཟླ་བ་དགུའི་རིང་གློག་བརྙན་པར་ལེན་བྱས་པའི་མཐར་ཁོང་ལ་གླ་ཆ་བལ་ཡུལ་སྒོར་མོ་ཁྲི་དགུ་མ་གཏོགས་བྱུང་མེད་ནའང༌། མི་ཚོས་དངུལ་གྱི་རིན་ཐང་དེ་ཙམ་ཤེས་ཀྱི་མེད་དུས་འཕྲིན་ལས་ལ་དངུལ་མང་པོ་རག་ཡོད་པ་རེད་ཞེས་ཟེར་སྐད་གྲགས་བྱས་པ་རེད། ང་རང་ད་དུང་གློག་བརྙན་མུ་མཐུད་འཁྲབ་འདོད་ཡོད། རྗེས་ལ་ལྷུན་གྲུབ་ལགས་ཀྱི་འདོད་པ་གཞིར་བཟུང་གློག་བརྙན་གཞན་འཁྲབ་རྒྱུའི་གོ་སྐབས་བྱུང་མེད་པ་དང༌། ༢༠༠༣ལོར་བལ་ཡུལ་ནང་གི་རོལ་དབྱངས་ཚོགས་པ་སྙན་གྲགས་ཅན་Nepathya ས་རོལ་གཞས་ཀྱི་བརྙན་པར་ནང་ལྷུན་གྲུབ་ལགས་ཁྱུག་ཙམ་ཐོན་ཡག་བྱུང་བ་ལས། དེ་མིན་ཁོང་ལ་གློག་བརྙན་འཁྲབ་རྒྱུའི་གོ་སྐབས་གཞན་ཐོབ་མི་འདུག།  དེའི་བར་ན་ཁོང་གཟུགས་གཞི་མེ་བདེ་བ་བྱུང་བའི་སྐབས་ཧི་མ་ལ་ཡ་བཟོ་སྒྲིག་གནང་མཁན Eric Valli ཡིས་གློ་ནད་TB དང་Cancer སྐྲན་ནད་བཅོས་ཐབས་སུ་ལྷུན་གྲུབ་ལགས་སུ་ཌོ་ལར་སྟོང་ཕྲག་མང་པོ་རོགས་རམ་བྱེད་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎