བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོ།


2014.06.23
བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོའི་སྐབས། ༢༠༡༤།༦།༢༢ བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོའི་སྐབས། ༢༠༡༤།༦།༢༢
MT

༧གོང་ས་མཆོག་དང་སྲིད་སྐྱོང་གིས་བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོར་འཚམས་འཕྲིན་བསྩལ་གནང་ཡོད་པ་རེད།
དེ་ཡང་བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོ་འདི་ཟླའི་ཚེས་༢༡་དང་༢༢་ཉིན་གཉིས་རིང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ལ་ཚོགས་ཡོད་པ་དང་། ཚོགས་ཐོག་བྱང་ཡོ་རོབ་དང་། བྷལ་ཌིཀ་ཡུལ་གྲུ།  དེ་བཞིན་པོ་ལེན་ཌི་བཅས་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་དང་། འཚམས་འཕྲིན་ནང་། དེ་རིང་དེ་གར་ཁྱེད་རང་ཚོ་འཛོམས་ཀྱི་ཡོད་པར་ཧ་ཅང་དགའ་པོ་བྱུང་། ངོས་རང་དེ་གར་དངོས་སུ་སླེབས་ཐུབ་མེད་ཀྱང་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། སྤྱིར་བཏང་སྤྱི་ལོ་༡༩༥༩་ལོའི་གོང་བོད་མི་བལ་པོ་དང་། འབྲུག་པ་སོགས་དང་མཉམ་དུ་ཆང་ས་བརྒྱབ་པ་དེ་འདྲ་བྱུང་མྱོང་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་དུ་སླེབས་པའི་རྗེས་སུ་ཡང་གནས་ཚུལ་དེའི་རིགས་ཡོང་གི་ཡོད་པ་མ་ཟད། མ་འོངས་པར་མང་དུ་འགྲོ་སྲིད་པ་རེད། འོན་ཀྱང་གཙོ་ཆེ་ཤོས་ཁྱེད་རང་ཚོས་སོ་སོའི་རིག་གཞུང་དང་གོམས་གཤིས་ལ་དོ་སྣང་གིས་གཅེས་འཛིན་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། གང་ལགས་ཤེ་ན།  བོད་པའི་རིག་གཞུང་ནི་བྱམས་སྙིང་རྗེ་ལྡན་པའི་རིག་གཞུང་ཞིག་ཡིན་སྟབས་འཛམ་གླིང་འདིའི་ནང་རིན་ཐང་ཆེན་པོ་བརྩི་བཞིན་ཡོད། དེ་ལྟ་བུའི་རིག་གཞུང་གིས་བོད་པའི་ལས་འགུལ་ཙམ་མ་ཟད། རང་ཉིད་སྒེར་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེར་བརྟེན་ཁྱེད་རང་ཚོས་སྔར་ལྷག་དོ་སྣང་བྱེད་དགོས། ཚང་མར་འཚམས་འདྲི་ཡོད་ཅེས་སོགས་འཁོད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་བའི་འཚམས་འཕྲིན་ནང་དེ་རིང་ཁྱེད་རང་ཚོ་ན་གཞོན་ཁག་གཅིག་དེ་གར་འཛོམས་ཀྱི་འདུག་པས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོའི་ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་གིན་ཡོད། ཁྱེད་ཚོའི་ནང་བོད་མིའི་འཐབ་རྕོད་ཐོག་ལས་ཀ་དང་ཉམས་མྱོང་གསོག་འདོད་ཡོད་ན་ཁྱེད་རང་ཚོ་སུ་ཞིག་ཡིན་རུང་རྒྱ་གར་ནང་ཡོང་ཐུབ་ན་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ཚོགས་འདུ་ཐེངས་གཉིས་པ་དེ་རྒྱ་གར་ནང་གོ་སྒྲིག་ཞུ་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་སོགས་འཁོད་འདུག ད་ཐེངས་བོད་པ་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོར་དགུང་གྲངས་༡༨་ནས་༤༠་བར་ཡིན་པའི་བོད་པ་མི་རིཊ་འདྲེས་མ་མི་གྲངས་༢༠ལྷག་ལྷན་བཞུགས་གནང་འདུག གསར་འགྱུར་དང་འབྲེལ་བའི་ལེ་ཚན་གཤམ་ལ་གསན་རོགས།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎