འབར་མའི་ལྕམ་ཨན་སན་སུ་ཆིའི་ལོ་རྒྱུས་གློག་བརྙན་སྐོར།

ཨན་སན་སུ་ཆིའི་ལོ་རྒྱུས་གློག་བརྙན་རྒྱ་གར་ནང་འགྲེམས་སྟོན་བྱེད་རྒྱུར་དཀའ་ངལ་ཡོང་མིན་ཐོག་གློག་བརྙན་བཟོ་བཀོད་མཁན་ལ་བཅར་འདྲི།

2011.12.06

༄༅༎ཨ་མི་རི་ཀའི་གློག་བརྙན་བཟོ་བཀོད་མཁན་ལུཀ་སྦེ་སེན་གྱིས་དེ་སྔ་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་རྡ་ལེ་ཌི་(The Lady)ཞེས་པ་འབར་མའི་ནང་ལ་བཟོ་སྐབས་འབར་མའི་དམག་མིས་ཁོང་ལ་འཇིགས་སྣང་སྐུལ་བྱུང་ཡང་ དེ་ཡིས་ཁོང་གི་ལས་དོན་དེ་བཀག་ཐུབ་ཀྱི་མ་རེད་ཅེས་གསུང་ཡོད་པ་ རྒྱ་གར་གྱི་ཉིན་རེའི་གསར་ཤོག་རྡ་ཧིན་རྡུསི་ཏན་ཀྲའེམ་སེ་(The Hindustan Times)གྱིས་རྒྱ་གར་གྱི་གྲོང་ཁྱེར་མུམ་རྦེའི་ནང་དེ་རིང་གནས་ཚུལ་སྤེལ་འདུག སྐབས་ཤིག་ལ་ཁོང་གིས་བོད་དང་བོད་མིའི་འཐབ་རྩོད་སྐོར་བཞུགས་སྒར་རྡ་རམ་ས་ལའི་ཁུལ་ལ་དངོས་བཀོད་གློག་བརྙན་ཁག་བཞི་བཟོ་བསྐྲུན་བྱེད་སྐབས་སུའང་རྒྱ་གར་དང་
འབར་མའི་འབྲེལ་བར་བརྙད་དེ་དེའི་ཤུགས་རྐྱེན་འོག་ཁོང་གིས་རྒྱ་གར་ནང་གློག་བརྙན་བཟོ་བསྐྲུན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་བྱུང་ འོན་ཀྱང་ང་དང་གློག་བརྙན་འཁྲབ་མཁན་མི་ཤེལ་ཡོའོ་གཉིས་ཀ་འཛམ་གླིང་ནང་ཚང་མས་ཤེས་བཞིན་པའི་གློག་བརྙན་བཟོ་བསྐྲུན་དང་ གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཡིན་ཙང་ རྒྱ་གར་ནང་ལ་གློག་བརྙན་བཟོ་བསྐྲུན་བྱ་རྒྱུར་བཀག་འགོག་བྱེད་རྒྱུ་ལས་སླ་པོ་ཞིག་མ་རེད་ཅེས་་གསུང་ཡོད་པ་རེད་ ཁོང་གིས་མུ་མཐུད་དེ་ང་ཚོས་འཛམ་གླིང་གི་ཁྱོན་ལ་རྒྱལ་ཁབ་ ༥༠ ཙམ་གྱི་ནང་དུས་སྟོན་ཁག་ཏུ་ཕྱིན་ཏེ་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་རྡ་ལེ་ཌི་ཞེས་པ་དེ་འགྲེམས་སྟོན་བྱས་པ་ཡིན་པས་གློག་བརྙན་དེ་ རྒྱ་གར་ནང་ལ་འགྲེམས་སྟོན་བྱེད་རྒྱུར་ང་ཚོས་དཀའ་ངལ་གང་ཡང་མཐོང་གི་མི་འདུག་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎