བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཉུང་ཤས་ལས་མེད་སྐོར།

དེང་སང་བོད་ནང་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་བསྐྱོད་བྱེད་མཁན་ཆེས་ཉུང་ཤས་ལས་མཐོང་རྒྱུ་མེད་པའི་གནས་ཚུལ་ཐོན་འདུག

2008.07.31

༄༅༎འདི་ལོ་བོད་ནང་གཞི་རྒོལ་གྱི་དོན་རྐྱེན་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་ནང་གསར་འགོད་པ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱས་རྗེས་ ཉེ་སྔོན་ཟླ་བ་གཅིག་ཙམ་གོང་སླར་ཡང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་སྐྱོད་ཆོག་པའི་སྒོ་མོ་ཕྱེས་ཡོད་ནའང་ དེང་སང་བོད་ནང་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་བསྐྱོད་བྱེད་མཁན་ཆེས་ཉུང་ཤས་ལས་མཐོང་རྒྱུ་མེད་པའི་གནས་ཚུལ་ཐོན་འདུག་༎

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་རན་པར་ཉིན་བརྒྱད་ལས་ལྷག་མེད་པ་དང་ཡང་ཉེ་སྔོན་བོད་ནང་ཞི་རྒོལ་རྒྱ་ཁྱབ་བྱུང་ནས་དུས་ཡུན་ཟླ་བ་བཞི་ལྷག་ཙམ་འགྲོ་བཞིན་པའི་སྐབས་ རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པས་འགྲིམ་འགྲུལ་བྱ་ཕྱོགས་ལ་དམ་བསྒྲགས་བྱས་པའི་རྐྱེན་ བོད་ཀྱི་རྒྱལ་ས་ལྷ་སར་མཚོན་ན་ རྒྱ་ནག་ནང་ཁུལ་ནས་མ་གཏོགས་གཞན་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་ཉུང་ཤས་ལ་མེད་པར་སོང་ མགྲོན་ཁང་དང་ཚོང་ཁང་སོགས་ཀྱི་ཉིན་རེའི་ཚོང་ལས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད་ ལྷ་སའི་ནང་གཞོན་ནུའི་མགྲོན་ཁང་ཞེས་པའི་ལས་བྱེད་པ་ཞིག་གིས་བརྗོད་ན་ ཡུལ་སྐོར་སྤྲོ་འཆམ་པ་ཚོར་ལྷ་སའི་ནང་འགྲུལ་བསྐྱོད་ཀྱི་སྒོ་མོ་ཕྱེས་པའི་རྗེས་ མགྲོན་ཁང་གི་ཚོང་ལས་ལ་ཁེ་ཕན་གང་ཙམ་བྱུང་ཡང་ ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་མང་ཆེ་བ་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཡིན་པ་མ་གཏོགས་ཕྱི་ཕྱོགས་ཀྱི་མི་རིགས་དཀོན་པོ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་བོད་ཀྱི་སྒོ་མོ་ཕྱེས་ནའང་ད་དུང་ཕྱི་ཕྱོགས་ནས་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་དེ་ཙམ་མེད་པའི་རྒྱུ་མཚན་མང་པོ་ཡོད་པ་ནས་ གཙོ་ཆེ་ཞིག་ནི་ རྒྱ་ནག་གཞུང་གིས་དོགས་ཟོན་དང་དམ་བསྒྲགས་ལ་བརྟེན་ནས་ཡིན་པ་རེད་ དཔེར་ན་ ཕྱི་རྒྱལ་གསར་འགོད་པ་མང་པོས་ རྒྱ་ནག་གཞུང་ལ་བོད་ནང་འགྲིམ་འགྲུལ་ཆོག་པའི་ཐོངས་མཆན་གྱི་སྙན་ཞུ་ཕུལ་སྐབས་ བཀའ་ཁྲོལ་ཐོབ་ཁག་པོ་ཡིན་པ་དང་ཡང་ན་བཀའ་ཁྲོལ་གྱི་ཐག་གཅོད་ནར་འགྱངས་བྱེད་སྲོལ་ཡོད་པ་རེད་ ཕེ་རན་སི་གསར་འགྱུར་ལས་ཁང་གིས་གསར་འགོད་པའི་བོད་ནང་འགྲུལ་བསྐྱོད་ཀྱི་ཐོངས་མཆན་ཞུ་སྐབས་ རྒྱ་ནག་གཞུང་གིས་བོད་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་འབྲེལ་ཡོད་ལས་བྱེད་ཅིག་ནས་བོད་ནང་འགྲུལ་བསྐྱོད་ཐོངས་མཆན་ཞུ་མཁན་ཕྱི་རྒྱལ་གསར་འགོད་པ་ཇེ་མང་ཡོད་པར་བརྟེན་ ཚང་མར་དུས་མཉམ་བཀའ་ཁྲོལ་ཐོབ་རྒྱུ་ཁག་པོ་ཡིན་ལུགས་ལན་འདེབས་བྱས་ཡོད་འདུག་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎