ཁམས་རྟའུ་ཁུལ་གྱི་རྩྭ་ཐང་གི་མེ་སྐྱོན་གྱི་རྐྱེན་ཕྲུ་གུ་ཞིག་ཡིན་པ།

ཁམས་རྟའུ་ཁུལ་གྱི་རྩྭ་ཐང་ལ་མེ་སྐྱོན་བྱུང་བའི་བྱུང་རྐྱེན་ནི་ལོ་དྲུག་ལ་སོན་པའི་ཕྲུ་གུ་ཞིག་གིས་མུ་ཟེའི་རྩེད་མོ་རྩེད་དེ་མེ་སྐྱོན་བྱུང་བའི་སྐོར།

2010.12.19

༄༅༎ཉེ་ཆར་བོད་ཀྱི་ཁམས་རྟའུ་ཁུལ་གྱི་རྩ་ཐང་ལ་མེ་སྐྱོན་བྱུང་བའི་བྱུང་རྐྱེན་ནི། ལོ་དྲུག་ལ་སོན་པའི་ཕྲུ་གུ་ཞིག་གིས་མུ་ཟེའི་རྩེད་མོ་རྩེད་དེ་མེ་སྐྱོན་བྱུང་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་ས་གནས་ཞིང་ཆེན་གྱི་དཔོན་རིགས་ཤིག་གིས་བཤད་དོན་ལ། ཉེ་ཆར་ཕྱི་ཟླ་༡༢པའི་ཚེས་༥ཉིན་རྒྱ་ནག་གི་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་གི་རྟའུ་ཁུལ་གྱི་རྩ་ཐང་དུ་མེ་སྐྱོན་བྱུང་སྟེ་སྐབས་དེར་མི་༢༣རྐྱེན་ལམ་དུ་ཕྱིན་པ་དང༌། དེའི་འབྱུང་རྐྱེན་ནི། ཨ་མ་ཞིག་གིས་ཕྲུ་གུ་གསུམ་ཁྲིད་དེ་རི་མགོ་དར་ལྕོག་བཙུགས་པ་དང་གསང་སྲོལ་བྱེད་པར་བསྐྱོད་པའི་སྐབས་ཕྲུ་གུ་གཅིག་གིས་མུ་ཟེ་རྩེད་མོ་རྩེད་དེ་རྩ་སྐམ་པོར་མེ་སྤར་བར་བརྟེན་ནས་རྩ་ཐང་སྟེང་གི་ལྷག་རླུང་བསིལ་བུས་མེ་ཤུགས་ཆེ་རུ་ཕྱིན་ཏེ་རྩ་ཐང་ལ་ཕྱེབས་པར་སོང༌། ཨ་མ་དེས་མེ་སྐྱོན་འགོག་ཐབས་བྱས་ཀྱང་མ་ཐུབ་པར་རྗེས་སུ་ས་གནས་མི་དམངས་ཉིས་སྟོང་ལྷག་མཉམ་རུབ་ཀྱི་མེ་གསོད་ཀྱི་ལས་ལ་ཞུགས་དགོས་བྱུང་བ་དང༌། ཉིན་དེའི་ཕྱི་དྲོ་ཙམ་ལ་མེ་སྐྱོན་འགོག་ཐུབ་པ་བྱུང་ཡོད་ཀྱང་མེ་སྐྱོན་གྱི་རྐྱེན་རྩ་བྱུང་ཡུལ་གྱི་ཕྲུ་གུ་ཆུང་ཆུང་དེའི་ཨ་མ་ཡང་མེ་སྐྱོན་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎