ལྡི་ལིར་བོད་མི་སློབ་ཕྲུག་བརྒྱད་ཀྱིས་ཟས་བཅད་ངོ་རྒོལ།
2011.10.05
༄༅༎བོད་པའི་སློབ་ཕྲུག་བརྒྱད་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གནང་བཞིན་འདུག རྒྱ་ནག་གཞུང་གིས་བོད་སྤྱི་དང་ལྷག་དོན་དུ་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཐོག་དྲག་གནོན་ཤུཌ་ཆེ་བྱེད་བཞིན་པའི་རྐྱེན་གྱིས་དགེ་འདུན་པས་རང་གི་སྐུ་ལུས་མེ་མཆོད་ཕུལ་མཁན་གཅིག་རྗེས་གཉིས་མཐུད་བྱུང་བ་མ་ཟད་ ཁམས་དཀར་མཛེས་ཁུལ་དུ་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་མུས་ཁག་ལ་གདུང་སེམས་མཉམ་སྐྱེད་དང་ཆིག་སྒྲིལ་མཚོན་ཆེད་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོཌ་ཀྱིས་ཇན་ཏར་མན་ཏར་ཞེས་པའི་ས་གནས་གྲཌ་ཆེ་བ་དེར་འདི་ཟླའི་ཚེས་༡ཉིན་ནས་བཟུང་༧་བར་གཟའ་འཁོར་གཅིག་རིང་མཐོ་སློབ་ཁག་ནང་སློབ་གཉེར་གནང་མཁན་སློབ་ཕྲུག་བརྒྱད་ཀྱིས་ཟས་བཅད་ངོ་རྒོལ་གོ་སྒྲིག་ཞུས་འདུག་ ཟས་བཅད་ངོ་རྒོལ་ནང་མཉམ་བཞུཌ་གནང་མཁན་དཔལ་ལྡན་བསོད་ནམས་ལཌ་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་པ་དེས་ལོ་འདི་གཅིག་པུའི་ནང་དགེ་འདུན་པ་ལྡས་རང་གི་སྐུ་ལས་མེར་བསྲེཌ་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་བར་ང་ཚོ་དེ་མུར་གནས་ཐབས་བྲལ་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་ ང་ཚོའི་དགོས་འདུན་ནི་རྒྱ་ནག་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་སྲིད་ཇུས་འཛིན་བཞིན་པ་ཁག་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ལ་ འཛམ་གླིང་གི་དབུ་འཁྲིད་རྣམས་ནས་ཀྱང་ང་ཚོའི་བདེན་པའི་འཐབ་རྩོད་ལ་རོགས་རམ་གནང་རོགས་ཞུ་ཡི་ཡོད་ཅེས་གསུངས་འདུག ཡང་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོཌ་ཀྱི་དབུས་རྒྱུན་རྣམས་ཀྱིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་དབུས་པའི་དཔོན་རིགས་ཆེ་ཁག་གི་སར་བཅར་ནས་སྙན་ཞུ་འབུལ་ལམ་ཞུས་པ་མ་ཟད་ རྒྱལ་སའི་ནང་ཡོད་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་ལྦི་ཀྲོ་ཞེས་དམིཌ་བསལ་དགག་བྱའི་འོས་ཤོག་འཕེན་དབང་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་གཞུང་ཚབ་ཚང་མར་སྙན་ཞུ་ཕུལ་ཡང་ རྒྱ་ནག་གཞུང་ཚབ་ཀྱིས་སྙན་ཞུ་ལེན་མིན་འདུག་ བོད་པའི་སློབ་ཕྲུག་བུ་ལྔ་དང་བོུ་གསུམ་བཅས་སློབ་མ་བརྒྱད་པོ་དེ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་གནང་སྟེ་ད་རིང་ཉིན་མ་ལྡ་པ་དེ་ཡིན་སྟབས་ཁོང་རྣམ་པའི་སྐུ་གཟུཌ་ཀྱི་ལྗིད་ཚད་ཀྱང་ཀི་ལོ་༣་ནས་བཞི་བར་མར་ཆག་འདུག བོད་ནང་གི་བོད་མི་རྣམས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པར་ཐ་ན་རང་གི་གཅེས་པའི་སྲོག་ཀྱང་བློས་གཏོང་གནང་བཞིན་ཡོད་སྟབས་ འཛམ་གླིང་གི་ས་གནས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་ཞི་བའི་ངོ་རྒོལ་རྔམ་སྟོན་ལ་སོཌ་པའི་ལས་འགུལ་རྒྱ་གང་ཆེ་སྤེལ་མུས་ཡིན་པ་རེད༎